བེཌ་ནམ་མི་མང་ནས་སླར་ཡང་རྒྱ་ནག་ལ་ངོ་རྒོལ།

དེ་རིང་རེས་གཟའ་ཉི་མའི་ཉིན་བེཌ་ནམ་གྱི་རྒྱལ་ས་ཧ་ནོའི་ནང་སླར་ཡང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

2011.07.03

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་་ བེཌ་ནམ་ མི་དམངས་བརྒྱ་ཙམ་ཞིག་གིསརྒྱལ་ས་ ཧ་ནོའི ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཞི་བའི་གོམ་བགྲོ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

བར་ལམ་རྒྱ་ནག་དང་བེཌ་ནམ་དབར་ལ་གཏེར་གྱི་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་ཐོག་ལ་རྩོད་གཞི་ཆེ་རུ་ཕྱིན་པའི་རྗེས། རྒྱལ་ཁབ་གཉིས་པོས་མི་དམངས་ཀྱི་ཁོང་ཁྲོའི་རྣོ་ངར་ཞི་འཇམ་བཟོ་རྒྱུའི་ཁས་ལེན་བྱས་པ་དང༌། བེཌ་ནམ་གྱི་དམག་དཔུང་གི་མི་དམངས་ཐོག་དམ་དྲག་ཆེན་པོ་བྱེད་པ་མ་ཟད། ལྷག་པར་དུ་རྒྱལ་ས་ཧ་ནོའི་ནང་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་རིགས་སྤེལ་དུ་བཅུག་གི་མེད་ནའང༌། ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་གི་གནད་དོན་ཐོག་ནས་་བེཌ་ནམ་མི་དམངས་ཚོས་གཟའ་མཇུག་ལྟར་འཆར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བྱས་པ་བཞིན་དེ་རིང་གཟའ་འཁོར་ལྔ་པ་དེ་ཡིན་པ་རེད།

བེཌ་ནམ་ སྲུང་སྐྱོབ་པ་དྲག་ཆས་སྤྲས་པ་དང་མ་སྤྲས་པ་རྒྱལ་ས་ ཧ་ནོའི་ ཡི་རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་དུ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། གཞུང་ཚབ་ཁང་དང་དེའི་ཉེ་’’’’’འཁྲིས་ཀྱི་འགྲོ་ལམ་ཁག་ཐོག་འགྲོ་བསྐྱོད་མི་ཐུབ་པའི་བཀག་འགོག་བྱས་ཡོད་ཅིང༌། འོན་ཀྱང་ངོ་རྒོལ་བྱེད་མཁན་མི་དམངས་༤༠ ཙམ་ཞིག་གཞུང་ཚབ་ཁང་ནས་ཐག་རིང་ཙམ་ཞིག་ཏུ་འདུ་འཛོམས་བྱས་ཏེ་ངོ་རྒོ་བྱས་པའི་རྗེས། རྒྱལ་ས་ཧ་ནོའི་དབུས་ཕྱོགས་སུ་གོམ་བགྲོ་བྱས་པའི་སྐབས། མཉམ་དུ་ཉེན་རྟོག་པ་དང་དམག་མི་མཐའ་འཁོར་དང་རྗེས་བརྙེས་ཏེ་ཡོང་གི་ཡོད་ཀྱང༌། གོམ་བགྲོ་ཀྱི་ལམ་དུ་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་མི་དམངས་ཇེ་མང་དུ་ཕྱིན་ཏེ། ལྷོ་རྒྱ་ནག་གི་རྒྱ་མཚོ་ཐོག་ཏུ་ཡོད་པའི་གླིང་ཕྲན་གཉིས་པོའི་བདག་དབང་ནི་ བེཌ་ནམ ཡིན་ཞེས་དང། རྒྱ་ནག་ཕྱོགས་ནས་ བེཌ་ནམ་ ཡི་བདག་དབང་ལ་བརྩི་བཀུར་ཞུ་དགོས་ཟེར་སྐད་འབོད་བྱས་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎