བོད་ཨ་མཆོག་གྲོང་འཚོའི་ནང་རང་ལུས་མེ་སྲེག

མདོ་སྨད་ཀན་ལྷོ་གསང་ཆུ་རྫོང་གི་ཨ་མཆོག་གྲོང་འཚོའི་ནང་བོད་མི་ཚེ་རིང་བཀྲིས་ཞུ་བས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ།

2013.01.12

༄༅༎དེ་རིང་ཕྱི་ལོ་ ༢༠༡༣ ཟླ  ༡ ཚེས་ ༡༢ ཉིན། བོད་མདོ་སྨད་ཀན་ལྷོ་གསང་ཆུ་རྫོང་གི་ཨ་མཆོག་གྲོང་འཚོའི་ནང་རང་ལོ་ ༢༢ ལ་སོན་པའི་བོད་རིགས་ན་གཞོན་ཚེ་རིང་བཀྲ་ཤིས་ཞུ་བ་ཞིག་གིས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཁོང་ནི་རང་ལུས་མེ་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་༩༦པ་དེ་ཡིན་པ་རེད།
ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་ཚེ་རིང་སྒྲོལ་མ། བཟའ་ཟླའི་མིང་ལ་ཡུམ་མཚོ་སྐྱིད་དང་ཁོང་ལ་སྲིང་མོ་རྟ་མགྲིན་འཚོ་དང་ཚེ་དར་སྐྱིད་བཅས་གཉིས་ཡོད་པ་རེད།
བོད་ནས་བོད་མི་ཁག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། རང་ལུས་མེ་སྲེག་བཏང་ཡུལ་དུ་ས་གནས་མི་མང་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་བཞིན་ཡོད་པ་མ་ཟད། ཨ་མཆོག་དགོན་པའི་དགེ་འདུན་པ་མང་པོ་ཕབས་ཏེ་བསྔོ་སྨོན་གནང་བཞིན་ཡོད་པ་དང༌། དེ་བཞིན་དེ་རིང་ས་གནས་སུ་དོན་རྐྱེན་བྱུང་རྗེས་ཁ་པར་བརྒྱུད་ལམ་ཡོངས་རྫོགས་བཀག་འགོག་བྱས་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག

བོད་ནས་བོད་མི་ཁག་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ།

སྒྲ་ལྡན་གསར་འགྱུར།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎