བོད་ཁམས་འཇོ་མདའ་ཁུལ་དུ་བོད་མི་བརྒྱད་འཛིན་བཟུང༌།

བོད་ཤར་ཕྱོགས་མདོ་ཁམས་འཇོ་མདའ་ཁུལ་གྱི་གྲོང་གསེབ་ཅིག་ནང་མང་ཚོགས་ཀྱིས་ཞིང་ལས་མཚམས་འཇོག་གི་ཞི་བའི་ལས་འགུལ་སྤེལ་བ།

2009.10.21

༄༅༎བདུན་ཕྲག་སྔོན་མ་བོད་ཤར་ཕྱོགས་མདོ་ཁམས་འཇོ་མདའ་ཁུལ་གྱི་གྲོང་གསེབ་ཅིག་ནང་མང་ཚོགས་ཀྱིས་ཞིང་ལས་མཚམས་འཇོག་གི་ཞི་བའི་ལས་འགུལ་ཞིག་སྤེལ་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་པ་དང་རྒྱུ་མཚན་མ་བཤད་པའི་ལེ་ཁག་འོག་རྒྱ་ནག་དབང་འཛིན་པ་ཚོས་བོད་མི་བརྒྱད་འཛིན་བཟུང་བྱས་འདུག

བཙན་བྱོལ་བོད་གཞུང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན་སྔ་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་གནང་བའི་ཐོག་རྒྱ་ནག་གིས་དྲག་གནོན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ད་ལོ་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་སོ་གཅིག་བར་མི་གྲངས་༢༢༣རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༡༢༩༤ལྷག་ཙམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང་ཁྱོན་མི་གྲངས་༤༦༥༩ཙམ་རྒྱ་མིས་འཛིན་བཟུང་བྱས་པའི་གྲས་ནས་༣༧༡ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང་མི་གྲངས་༩༠༠ལྷག་ཙམ་ཞིག་གར་སོང་ཆ་མེད་དུ་བཏང་ཡོད་པ་རེད།

ཁམས་འཇོ་མདའ་རྫོང་དུ་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་དང་རྒྱ་མིའི་དཔུང་དམག་མི་སྣས་ས་གནས་བོད་རིགས་ཚོར་ད་ཆ་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་ལ་ལུག་དམར་གྲོང་གསེབ་ནང་ཞིང་ལས་མཚམས་འཇོག་བྱེད་དགོས་དོན་དྲི་རྩད་བྱེད་སྐབས་ས་གནས་བོད་མི་ཚོས་རྒྱ་གཞུང་གི་དཔོན་རིགས་ཚོའི་དྲི་བར་དང་ལེན་མ་བྱས་སྟབས་རྒྱ་མིའི་དཔོན་རིགས་དེ་ཚོས་བོད་མི་བརྒྱད་འཛིན་བཟུང་བྱས་ཡོད་པ་མ་ཟད་ཉིན་ལྟར་བོད་མི་ཚོར་དྲི་རྩད་བྱས་ནས་སུན་བཙིར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་འདུག

དེ་བཞིན་སྔ་ལོ་བོད་ནང་རྒྱ་ནག་གི་དམ་བསྒྲགས་འོག་ཚེ་སྲོག་ཤོར་བའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཕལ་ཆེ་བ་འབྲོག་པ་ཡིན་པའི་ས་གནས་བོད་མི་ཚོས་སྐབས་ཅིག་རིང་ཤ་སྤངས་ཡོད་སྟབས་ཁུལ་དེའི་ནང་གི་རྒྱ་མིའི་དཔོན་རིགས་ཚོ་ཤ་ཉོ་བར་ཆབ་མདོ་ཁུལ་འགྲོ་དགོས་ཀྱི་ཡོད་པ་དང་རྒྱ་མིའི་ལས་བྱེད་པ་འགའ་ཤས་ཀྱིས་རྟ་བདག་ཉར་བྱེད་བཞིན་ཡོད་པ་དེ་རྒྱ་མི་ཚོས་རྟ་ཤ་བཟའ་རྒྱུའི་དོན་དུ་ཡིན་པར་བོད་མི་ཚོས་བློ་དོགས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎