བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།

དེ་རིང་ཞོགས་པ་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་གནང་ཡོད་པའི་སྐོར།

2012.05.25

༄༅༎དེ་རིང་ཞོགས་པ་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པ་ཆེས་ཚོགས་པ་དེ་གཞུང་གིས་ངོས་ལེན་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་ཏུ་འགྱུར་ཐབས་བྱ་དགོས་པའི་གཏམ་བཤད་གནང་ཡོད་པའི་སྐོར་དེ་རིང་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པ་ཆེ་དབུས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་སྐུ་ཚབ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུས་རྒྱུན་ལས་རྣམ་པ་དང༌། ས་གནས་འདྲ་མིན་དུ་བཙུགས་པའི་ཡན་ལག་ཚོགས་པ་ཁག་གི་སྐུ་ཚབ་བཅས་གདན་ཞུ་གནང་བ་ལྟར། སྐབས་དེར་ཀིརྟི་རིན་པ་ཆེས་སྣང་གསལ་མར་མེ་ཞལ་ཕྱེ་གྲུབ་པའི་རྗེས་ཚོགས་བཅར་བ་ཡོངས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་ཚོར་གུས་བཏུད་དང་མྱ་ངན་གྱི་ངག་ཆད་སྐར་མ་གཅིག་རིང་གནང་ཡོད་པ་རེད། དེ་རྗེས་ཀིརྟི་རིན་པོ་ཆེའི་གསུང་བཤད་གནང་བའི་ནང་དོན་དུ།  དེ་སྔ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་སྐབས་སུ། ཆབ་སྲིད་ཚོགས་པ་འདྲ་མིན་མི་དགོས་པའི་འདོད་པ་འཛིན་མཁན་ཞིག་ཡིན་ནའང་རྗེས་སུ་གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་ཆ་ཚང་བ་གནང་གྲུབ་པ་དེ་ཡིས། ཕྱིས་འབྱུང་བོད་གཞུང་དེ་གང་ཟག་རེ་ཟུང་དང་ཚོགས་པ་བྱེ་བྲག་ཞིག་གིས་དབང་བསྒྱུར་འོག་མི་འགྲོ་བའི་ཆེད་དུ་ཆབ་སྲིད་ཀྱི་ཚོགས་པ་མི་འདྲ་བ་འཛུགས་དགོས་པ་གལ་ཆེ་གཟིགས་ཀྱི་ཡོད་པ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡང་ཚོགས་པ་འདྲ་མིན་འཛུགས་དགོས་པའི་བཀའ་ཕེབས་དོན་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཁུར་བཞེས་ཏེ་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་བཙུགས་ནས་ལོ་མང་པོ་འགྲོ་གི་ཡོད་ལ་ཚོགས་པ་དེའི་ནང་དུ་སྐྱ་སེར་དང་ཆོལ་གསུམ་དབྱེར་མེད་ཀྱི་ཚོགས་མི་ལྡན་པ་ཞིག་ཀྱང་ཡིན་པར་སོང༌། གཞོན་པ་ཚོས་འགན་འཁུར་ལེན་ནས་རྗེས་མའི་མི་རབས་གསར་པ་ཚོར་རྩིས་སྤྲོད་ཐུབ་པ་ཞིག་དགོས་པ་མ་ཟད། ཆབ་སྲིད་ཚོགས་པ་ཚད་དང་ལྡན་པ་ཞིག་ཡོང་ཐབས་འབད་བརྩོན་བྱ་དགོས་པ་ཡིན། རྩ་བའི་བོད་མི་ཚོའི་འདོད་འདུན་ནི་རང་བཙན་ཡིན་ནའང་ཐབས་ལམ་འདྲི་མིན་གྱི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྤེལ་ཏེ། ཚོགས་པ་དེ་གཞི་རྒྱ་ཆེ་རུ་གཏོང་ཐབས་དང༌། ཚོགས་པ་དེ་བོད་གཞུང་གི་ངོས་ལེན་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་ཏུ་འགྱུར་ཐབས་ངེས་པར་དུ་འབད་བརྩོན་བྱ་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎