བདེ་ཆེན་བོད་རིགས་ཁུལ་དུ་གངས་སྐྱོན་གནོད་འཚེ་ཕོག་འདུག

ཡུན་ནན་ཞིང་ཆེན་ཁོངས་ཀྱི་བདེ་ཆེན་བོད་རིགས་ས་ཁུལ་ནང་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེ་ཕོག་ནས་མི་གྲངས་དྲུག་ཙམ་རྐྱེན་ལམ་དུ་ཕྱིན་འདུག

2008.10.30

༄༅༎རྒྱ་ནག་ཡུན་ནན་ཞིང་ཆེན་ཁོངས་ཀྱི་བདེ་ཆེན་བོད་རིགས་ས་ཁུལ་ནང་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེ་ཕོག་ནས་མི་གྲངས་དྲུག་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

དེ་ཡང་ས་ཁུལ་དེའི་རྒྱུད་གངས་མ་ཆར་ཤུགས་ཆེན་པོ་འབབ་ཡོད་པ་དང་ད་རེས་གཟའ་ཉི་མ་བར་གངས་སྐྱོན་གྱིས་མི་གྲངས་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད་པ་དང་དཔལ་འབྱོར་གྱོང་གུན་མི་དམངས་ཤོག་སྒོར་ཁྲི་ལྔ་བརྒྱ་ལྔ་ཅུ་ལྷག་ཙམ་ཕོག་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག

བདེ་ཆེན་བོད་རིགས་ས་ཁུལ་གྱི་འབྲེལ་ཡོད་དཔོན་རིགས་ནས་བརྗོད་པར་གཞིགས་ན་ས་གནས་དེའི་རྒྱུད་གངས་མ་ཆར་བསྟུད་མར་འབབ་ནས་རི་ཉིལ་ཏེ་ཞིང་པའི་ས་ཞིང་མང་པོ་འཕྲོག་བརླག་ཕྱིན་ཡོད་པའི་ཁར་ཁང་པ་མང་པོ་རྡིབ་སྐྱོབ་བྱྱུང་ཡོད་པ་དང་སྒོ་ཕྱུག་སེམས་ཅན་གསུམ་རྒྱ་ལྷག་ཙམ་ཤི་ཡོད་འདུག དེ་མིན་བདེ་ཆེན་ས་གནས་ནས་ས་ཁུལ་གཞན་ཁག་ལ་བསྐྱོད་སའི་ལམ་ཁ་དང་ཟམ་པ་སོགས་མང་པོ་ཞིག་རི་ཉིལ་བའི་རྐྱེན་ནས་འགག་ཡོད་ཅིང་ས་གནས་ཁག་ཅིག་ནང་གངས་སྐྱོན་གྱིས་གློག་སྐུད་ཆད་ནས་གློག་མེད་པའི་གནས་སུ་གྱར་ཡོད་འདུག རྐྱེན་འདས་སུ་ཕྱིན་པའི་མི་དྲུག་པོ་དེ་དག་འཁྱག་ཤི་ཐེབས་པ་འམ་ཡང་ན་རི་ཉིལ་ནས་གོད་ཆགས་བྱུང་བ་ཡིན་མིན་གནས་ཚུལ་གསལ་པོ་མེད་ཅིང་དེ་མིན་ས་གནས་མི་སེར་ཆིག་སྟོང་ཉིས་རྒྱ་ལྷག་ཙམ་གངས་སྐྱོན་གྱི་གནོད་འཚེ་ཕོག་ས་ནས་ཛ་དྲག་གི་གནས་སྤོས་བྱས་ནས་ཁོང་ཚོ་སློབ་གྲྭ་དང་གཞུང་གི་ལས་ཁང་ཁག་ནང་གནས་སྐབས་སྡོད་ས་གྲ་སྒྲིག་བྱས་ཡོད་ལུགས་དང་རྒྱ་ནག་ཉེན་རྟོག་དམག་མི་དང་ས་གནས་ལས་བྱེད་ཚོས་གངས་སྐྱོན་གྱི་གནོད་འཚེ་ཕོག་སར་རོགས་སྐྱོར་ལས་དོན་སྤེལ་གྱི་ཡོད་ལུགས་སོགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎