༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་ཐད་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་ཨང་དང་པོར་ངོས་འཛིན་ཞུས་འདུག
2020.02.28

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་རྟེན་གཞི་བྱས་པའི་ལུས་སེམས་བདེ་ཐང་དཔེ་དེབ་ཚོང་ལས་ཁང་གིས་Watkins’s དུས་དེབ་ཀྱིས་ ཕྱི་ཟླ་༢པའི་ཚེས་ ༢༠ ཉིན་འདི་ལོའི་འཛམ་གླིང་ཁྱོན་ཡོངས་སུ་མིའི་སེམས་ཁམས་གསོ་བཅོས་ཐད་ཤུགས་རྐྱེན་ཆེ་ཤོས་ཀྱི་རླབས་ཆེན་གྱི་མི་སྣ་ ༡༠༠ ཡོངས་བསྒྲགས་གནང་པའི་ནང་ བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་ཐད་ནས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་རླབས་ཆེན་གྱི་མི་སྣ་ཨང་དང་པོར་འདེམས་ཐོན་ཞུས་འདུག འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེ་བའི་རླབས་ཆེན་གྱི་མི་སྣ་ ༡༠༠ ཡི་ཁྲོད་ནས་ ཨང་རིམ་གཉིས་པར་ཤུའི་བླ་ཆེན་Pope Fransis དང་ ཨང་གསུམ་པ་Sweden རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་ན་ཆུང་བུ་མོ Greta Thunberg་དང་ ཨང་བཞི་བར་འདམས་ཐོན་བྱུང་འདུག་ Watkins དུས་དེབ་དེའི་དྲ་རྒྱས་ རླབས་ཆེན་གྱི་མི་སྣ་བརྒྱ་ངོས་འཛིན་གྱི་བྱེད་སྟངས་ནི། མི་སྣ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ བར་འཚོ་བཞུགས་ཡིན་དགོས་པ་དང་། གང་ཟག་དེས་འཛམ་གླིང་ཡོངས་སུ་དམིགས་བསལ་གྱི་བྱས་རྗེས་བཞག་ཡོད་པ། གཞན་ཡང་གང་ཟག་དེའི་སྐོར་སྤྱི་ཚོགས་དྲ་ལམ་ཁག་ཏུ་མང་ཚོགས་ཀྱིས་ནམ་རྒྱུན་གླེང་སློང་དང་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་དགོས་པ་བཅས་ཡིན་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དར་གསོ་ཆེ་བའི་ལོ་ལྟར་འཛམ་གླིང་མི་མང་གིས་ཆེས་དགའ་མོས་དང་། ཤུགས་རྐྱེན་ཆེས་ཆེ་བའི་རླབས་ཆེན་གྱི་མི་སྣ་དང་། རླབས་ཆེན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སོགས་ཀྱི་མི་སྣ་འདེམས་སྒྲུག་ཁྲོད་དུ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྩེད་ཕུད་ཀྱི་ཨང་རིམ་བཅུའི་ནང་འདེམས་སྒྲུག་ཐེངས་མང་ཞུས་ཡོད་པ་རེད།