རྒྱ་ནག་ནང་ས་ཡོམ་འོག་མི་༢༠༠༠༠ཙམ་རྐྱེན་ལམ་དུ་གྱུར་ཡོད་པ།

ས་ཡོམ་བྱུང་སའི་ས་ཁུལ་ནང་མི་གྲངས་ཉིས་ཁྲི་ལྷག་ཙམ་རྐྱེན་ལམ་དུ་གྱུར་ཡོད་པ་དང་ཡིན་ནའང་རིམ་བཞིན་གྲངས་ཚད་འཕར་བཞིན་ཡོད་ལུགས་བརྗོད་འདུག

2008.05.14

༄༅༎ཉེ་ཆར་རྒྱ་ནག་ནང་ས་ཡོམ་བརྒྱབས་ཡུལ་གྲོང་ཚོགས་གཅིག་ནང་ཁང་ཁུངས་ཚང་མ་རྩ་མེད་དུ་གྱུར་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཛ་དྲག་མྱུར་སྐྱོབས་ངལ་སེལ་ལས་དོན་སྤེལ་བཞིན་པ་རེད་ ས་ཡོམ་བྱུང་སའི་ས་ཁུལ་ནང་ད་ལྟ་དམག་མི་དང་ཉེན་རྟོག་མི་སྣའི་ཚོགས་སྡེ་ཁག་གནམ་གྲུའི་མཆོངས་གདུགས་ལ་བརྟེན་ནས་རིམ་བཞིན་ས་ཁུལ་དེའི་ནང་མཆོངས་ནས་མྱུར་སྐྱོབས་ཀྱི་ལས་དོན་སྤེལ་གནང་བཞིན་པ་མ་ཟད་གནམ་གྲུའི་ཐིོག་ནས་ས་གནས་དེའི་ནང་ཛ་དྲག་གིས་དགོས་མཁོ་ཁག་མཁོ་འདོན་གནང་བཞིན་ཡོད་པ་རེད་

ཡིན་ནའང་ས་ཡོམ་ཤུགས་ཚད་རིམ་པ་༧ཚགས་༨བརྒྱབ་པའི་རྗེས་དོན་རྐྱེན་བྱུང་སའི་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་རི་བོའི་ཁུག་སྐྱོག་ཏུ་ཆགས་པའི་གྲོང་ཚོ་ཞིག་ཆ་ཚང་གཏོར་གཤིག་གྱུར་ཡོད་པ་རེད་ཅེས་གནས་ཚུལ་ནང་འཁོད་འདུག་

ད་བར་ས་ཡོམ་བྱུང་སའི་ས་ཁུལ་ནང་མི་གྲངས་༢༠༠༠༠ལྷག་ཙམ་རྐྱེན་ལམ་དུ་གྱུར་ཡོད་པ་དང་ཡིན་ནའི་ཚོུད་གཅིག་མ་འདས་པར་རིམ་བཞིན་གྲངས་ཚད་འཕར་བཞིན་ཡོད་ལུགས་བརྗོད་འདུག་

ད་རེས་རྒྱ་ནག་ནང་ས་ཡོམ་བྱུང་འཕྲལ་རྒྱ་ནག་གི་སྲིད་བློན་ཝེན་ཅ་བའོ་ས་གནས་ཕེབས་ཏེ་མྱུར་སྐྱོབས་ངལ་སེལ་གྱི་ལས་དོན་ལ་གཟིགས་སྐོར་གནང་ཡོད་པ་དང་ རིམ་པས་ད་ཆ་ས་ཁུལ་དེའི་ནང་དམག་མི་དང་ཉེན་རྟོག་མི་སྣ་སོགས་ནས་མྱུར་སྐྱོབས་ངལ་སེལ་གྱི་ལས་དོན་སྤེལ་གནང་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎