རྒྱ་ནག་གཞུང་ལ་ཞི་རྒོལ་སྙན་ཞུ་འབུལ་མཁན་རྒྱ་མོ་གཉིས་སྐོར།
2008.08.20
༄༅༎པེ་ཅིང་ཨོ་ལིམ་པིག་གི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་མཁན་བེུད་རྒན་འཁོགས་གཉིས་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བར་གཏོང་རྒྱུ་ཡིན་པ་རེད་ཅེས་འབྲེལ་ཡོད་བེུད་ཅིག་གི་བུ་ཡིས་ཨེ་པི་གསར་འགོད་པར་དེ་རིང་རེས་གཟའ་ལྷག་པའི་བརྗོད་འདུག
པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་སྐབས་ཞི་བའི་ངོ་རྒོལ་སྤེལ་རྒྱུར་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་མཁན་བེུད་རྒན་གྲས་གཉིས་ལ་ངལ་རྩོལ་བསྒྱུར་བཀོད་ར་བར་ལོ་གཅིག་རིང་འགྲོ་དགོས་པའི་རྒྱ་ནག་གཞུང་གི་བཀའ་བརྒྱ་འབྱོར་ནས་ཉེན་གསུམ་ཙམ་ཕྱིན་པའི་རྗེས་བེུད་རྒན་གྲས་དེ་གཉིས་ངལ་རྩོལ་བསྒྱུར་བཀོད་ར་བར་གཏོང་རྒྱུ་ཡིན་པ་རེད་ཅེས་དང་ད་ཆ་བེུད་རྒན་གྲས་དེ་གཉིས་ཁྱིམ་མཚེས་ཀྱིས་བལྟ་རྟོགས་འོག་གནས་ཡོད་པ་རེད་ཅེས་བེུད་དེའི་ནང་ནས་བེུད་གཅིག་གི་བུ་ལི་ཤུ་ཧུའེ་ཡིས་གསར་འགོད་པར་བརྗོད་འདུག ཡང་ལི་ཡིས་ལོ་ན་བདུན་བཅུ་བདུན་དགུར་སོན་པའི་ཁོང་གི་སྐྱེས་མ་ལྦུ་ཏན་ཡོན་དང་ལོ་ན་༧༧ལ་ཕེབས་པའི་ཁྱིམ་མཚེས་བེུད་ལྦང་ཤུ་དབྱིང་ཞུ་བ་བེུད་རྒན་གྲས་དེ་གཉིས་ལ་ངལ་རྩོལ་བསྒྱུར་བཀོད་ར་བར་གཏོང་རྒྱུའི་རྒྱུ་མཚན་གང་ཡང་མི་འདུག་ཅེས་བརྗོད་འདུག དེའི་ནང་ནས་ལྦང་ཤུ་དབྱིན་ཞུ་བའི་བེུད་དེ་ནི་ཧ་ལམ་མིག་ལོང་བ་དང་ལུས་པོ་གཅོང་ཅན་ཞིག་ཡིན་པས་བསམ་བློའི་སློབ་གསོའི་ལས་འགུལ་གྱི་བརྒྱུད་རིམ་ནས་ངལ་རྩོལ་བསྒྱུར་བཀོད་ར་བར་བཏང་ནས་ཕན་ཐོགས་ག་རེ་ཡོད་དམ་ ཡིན་ནའི་ཁོང་གཉིས་ད་དུང་ཁྱིམ་ཚང་ནས་ཁྲིད་དེ་ངལ་རྩོལ་བསྒྱུར་བཀོད་ར་བར་གཏོང་རྒྱུ་ཡིན་པ་རེད་ཅེས་ལི་ཡིས་ཁ་པར་ཐོག་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད་