རྒྱ་གར་གཞུང་ཚབ་ལ་དམིགས་པའི་འབོམ་རྫས་ཀྱི་གཏོར་རྒོལ།
2009.10.08
༄༅༎ཨཕ་ག་ནི་སི་ཏན་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ལ་དམིགས་ནས་འབོམ་རྫས་ཀྱི་གཏོར་རྒོལ་བཏང་ཡོད་པའི་གནས་ཚུལ་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་ཨཕ་ག་ནི་སི་ཏན་གྱི་རྒྱལ་ས་ཀ་བུལ་ནང་ཡོད་པའི་རྒྱ་གར་གཞུང་ཚབ་མདུན་མོ་ཊའི་ནང་འབོམ་རྫས་བཞག་ནས་གས་གཏོར་བྱུང་བའི་འོག་མི་གྲངས་བཅུ་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་མི་གྲངས་༨༣རྨས་སྐྱོན་ཕོག་ཡོད་པ་ནི་འདས་པའི་ཟླ་བ་གཉིས་ནང་གི་འབོམ་རྫས་ཀྱི་གཏོར་རྒོལ་ཤུགས་ཆེ་ཤོས་ཤིག་ཡིན་འདུག
ཨཕ་ག་ནི་སི་ཏན་གྱི་ནང་སྲིད་ལས་ཁུངས་ནས་འགྲེལ་བརྗོད་བྱས་པར་ལྟར་ན་དོ་ཕོག་བྱུང་བའི་མི་མང་ཆེ་བ་མི་མང་དཀྱུས་མ་ཡིན་འདུག སྲིད་འཛིན་ཀར་ཛཡི་མཆོག་ནས་ཤིན་ཏུ་ཚབས་ཆེའི་གནས་ཚུལ་ཞིག་རེད་ལ་མི་མང་དཀྱུས་མའི་ཚེ་སྲོག་ལ་དོ་ཕོག་བཏང་བའི་གནས་ཚུལ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།
ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་འབོམ་རྫས་ཀྱི་གཏོར་རྒོལ་བཏང་ཡུལ་དེ་བཞིན་ང་ཚོའི་གཞུང་ཚབ་ལ་དམིགས་པ་ཞིག་རེད། འོན་ཀྱང་ཚེ་སྲོག་ཤོར་མཁན་ཁོངས་སུ་རྒྱ་གར་བ་གཅིག་ཀྱང་མེད་ཀྱང་ས་སྲུང་རྒྱ་གར་བའི་དམག་མི་གསུམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་འགྲེལ་བརྗོད་གནང་འདུག
ཨཕ་ག་ནི་སི་ཏན་ནང་ཡང་སེ་འབོམ་རྫས་ཀྱི་གཏོར་རྒོལ་བཏང་གི་ཡོད་པ་དང་ད་ལྟའི་ཆར་བྱེད་གཏེ་སུ་ཡིན་མིན་ཁས་ལེན་བྱས་མེད་ཀྱང་ཕལ་ཆེར་ཏ་ལི་སྦན་གྱི་ཤོག་ཁག་ཡིན་པའི་དོགས་གཞི་བྱེད་ཀྱི་ཡོད་པ་རེད།