ཧི་མ་ཅལ་གཞུང་ནས་བོད་གཞུང་གཞུང་ཞབས་ལ་ཟབ་སྦྱོང༌།
2010.01.22
༄༅༎རྒྱ་གར་ཧི་མ་ཅལ་གཞུང་གི་ཁྱབ་ཁོངས་ཧི་མ་ཅལ་འཛིན་སྐྱོང་སློབ་གཉེར་ལྟེ་གནས་ཁང་གིས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ ན་གཞོན་༢༠ལ་འདས་པའི་ཉིན་གྲངས་བཅུའི་རིང་འཛིན་སྐྱོང་གི་ལས་འཁུར་ཞུ་ཕྱོགས་ཐད་ཟབ་སྦྱོང་གནང་བ་དེ་ཁ་ས་ཕྱི་ཚེས་༢༠ཉིན་མཇུག་སྒྲིལ་ཟིན་ཡོད་འདུག
ཟབ་སྦྱོང་དེ་ནི་གྲོང་ཁྱེར་ཤིམ་ལ་ཉེ་འདབས་ཧི་མ་ཅལ་གཞུང་གི་གཞུང་ཞབས་སློབ་ཁྲིད་གནང་ཡུལ་ཧི་མ་ཅལ་འཛིན་སྐྱོང་སློབ་གཉེར་ཁང་གི་ནང་གནང་ཡོད་ཅིང་སློབ་གཉེར་གནང་མཁན་གྱི་དགེ་རྒན་རྣམས་ཀྱང་ཧ་མི་ཅལ་གཞུང་དང་སློབ་གཉེར་ཁང་འདིའི་ཆེས་མཐོའི་མི་སྣས་སློབ་ཁྲིད་གནང་ཡོད་འདུག
ཁ་ས་ཟབ་སྦྱོང་མཇུག་སྒྲིལ་གྱི་ཉིན་མོར་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་གཞུང་དང་སློབ་གཉེར་ཁང་དེར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྣམ་པར་འཛིན་སྐྱོང་ལས་འཁུར་ཞུ་ཕྱོགས་ཐད་དེ་ལྟ་བུའི་ཟབ་སྦྱོང་ཡག་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག