རྒྱ་ནག་དཔོན་རིགས་དང་མི་སེར་ཐོག་ཨ་རིའི་གཞུང་གིས་ཉེས་ཆད་བཅད་པ།


2020.07.14
ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི།
སྒྲིག་བཟོ། RFA

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་རིའི་གཞུང་གིས་རྒྱ་ནག་དཔོན་རིགས་དང་མི་སེར་ཐོག་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དང་འབྲེལ་ནས་ཐོངས་མཆན་བཀག་འགོག་གི་གསལ་བསྒྲགས་གནང་བ་དང་།  རྒྱ་ནག་དམར་ཤོག་ཚོགས་པའི་ཤིན་ཅང་རང་སྐྱོང་ས་ཁུལ་ཟེར་བའི་ད་ལྟའི་དྲུང་ཆེ་དང་དེ་སྔའི་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་གྲེན་ཇོན་གོའོས་གཙོས་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཅད་པ་སོགས་དང་འབྲེལ་ནས།  རྒྱ་ནག་དཔོན་རིགས་དེ་དག་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་ལེན་ཇི་བསྟར་ལ་སྐྱར་ཞིབ་དཔྱད་བསྡུར་སླད་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་།  བོད་ཀྱི་ཆབ་སྲིད་བཙོན་ཟུར་ཡིན་པ་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎