ཨ་མི་རི་ཀའི་གཞུང་གིས་བཏོན་པའི་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།

2023.03.25
ཨ་མི་རི་ཀའི་གཞུང་གིས་བཏོན་པའི་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
ཨ་རིའི་ཕྱི་སྲིད་ལས་ཁུངས།

ཨ་མི་རི་ཀའི་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་འཛམ་གླིང་ནང་གི་རྒྱལ་ཁབ་ཡུལ་ལུང་ཁག་གི་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་པའི་ནང་།  རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་ཇི་ལྟར་བཏང་ཡོད་མེད་བཀོད་པའི་ནང་། ཆབ་སྲིད་བཙོན་པའི་གནས་བབ་དང་། གང་བྱུང་འཛིན་བཟུང་དང་མནར་གཅོད་ཀྱིས་དམར་བསད་བཏང་པ།  མི་རིགས་ཀྱི་ངོ་བོ་ཉམས་ཉེས་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་བཅས་པ་གསལ་སྟོན་གནང་ཡོད་པ་རེད་ལ། བོད་སྐོར་དམིགས་བཀར་ཟུར་ཛར་གྱི་སྙན་ཐོ་ཤོག་ལྷེ་ ༢༧ ཅན་ཞིག་འདོན་སྤེལ་བྱས་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འགྲོ་བ་མིའི་ཐོབ་ཐང་དང་བོད་གནས་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་སུ་སྙན་ཐོའི་ནང་དོན་དང་འབྲེལ་ནས་གླེང་མོལ་ཞུས་པའི་སྐབས།  རྒྱ་ནག་གཞུང་གིས་བོད་ནང་དུ་བདེ་འཇགས་དང་འཛུགས་སྐྲུན་གཉིས་ཀར་གཅིག་འགྱུར་གྱི་གལ་གནད་དུ་རྩིས་བཞིན་པ་འདི་ཕྲན་བུའི་འགྱུར་འགྲོས་ཤིག་ཏུ་ངོས་འཛིན་གནང་གི་འདུག་ལ། དམར་ཤོག་གཞུང་གིས་ལས་དོན་བྱེད་ཕྱོགས་འདི་སྔར་དང་མི་འདྲ་བ་མི་རབས་རྗེས་མ་ཚོར་དམིགས་ཏེ་ལས་དོན་འཆར་གཞི་ལྡན་པའི་ངང་བང་སྒྲིག་གི་ཡོད་པ་གསུངས་བྱུང་། གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་སུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎