བྲག་མགོ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།
ཁམས་བྲག་མགོ་ཁུལ་དུ་རྒྱ་ནག་གཞུང་གིས་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་། མི་མང་ལ་དྲག་གནོན་བྱེད་པའི་གནས་ཚུལ་ཁག་གསལ་བའི་བྲག་མགོའི་གནས་ཚུལ་ཁག་གསལ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་པ་དང་། དབྱིན་ཇིའི་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་Navendu Mishra ཡིས་དབུ་འབྱེད་ཐོག་དབུ་བཞུགས་གནང་སྟེ། ཁོང་གིས་བྲག་མགོའི་གནས་ཚུལ་འདི་དག་དང་འབྲེལ་ནས་དབྱིན་ཇིའི་གྲོས་ཚོགས་སུ་གླེང་རྒྱུ་ཡིན་པ་གསུངས་པ་དང་། སྙན་ཐོ་དབུ་འབྱེད་ཐོག་ཕེབས་པ་དབྱིན་ཇིའི་སྲིད་བློན་གྱི་ཆོས་དད་དབང་གྱི་སློབ་སྟོན་པ་གྲོས་ཚོགས་འཐུས་མི་ ལགས་ཀྱིས་སྙན་ཐོ་འདི་ཕྱོགས་སྒྲིག་གནང་པ་གལ་གནད་ཆེ་བ་གསུངས་ཤིང་། འདི་དང་འབྲེལ་བའི་ཐད་ཕྱི་སྲིད་ལས་ཁུངས་སུ་སྙན་ཐོ་ཞིག་འབུལ་རྒྱུ་ཡིན་པ་གསུངས་འདུག བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དབྱིན་ཇིའི་བོད་རང་དབང་ཚོགས་པའི་སྲིད་བྱུས་དང་ཉམས་ཞིབ་འགན་འཛིན་འཇོན་འཇོནསི་ལགས་དང་ལས་འགུལ་འགན་འཛིན་བསྟན་འཛིན་ཀུན་དགའ་ལགས་སུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།