སྲིད་བློན་མོ་དྷིས་ཨ་རིར་འཚམས་གཟིཊ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ཏུ་འཚམས་གཟིགས་ཀྱི་གལ་གནད།

2023.06.24
སྲིད་བློན་མོ་དྷིས་ཨ་རིར་འཚམས་གཟིཊ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ཏུ་འཚམས་གཟིགས་ཀྱི་གལ་གནད།
RFA/Nordhey Dolma

རྒྱ་གར་གྱི་སྲིད་བློན་ནཱ་རནདྲ་མོ་དྷི་མཆོག་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་གནང་ཞིང་།  ཨ་རིའི་གྲོས་ཚོགས་ཚང་འཛོམས་སར་གསུང་བཤད་ཐེངས་གཉིས་པ་གནང་སྟེ་རྒྱ་གར་གྱི་སྲིད་བློན་གང་ཞིག་གིས་ཨ་རིའི་གྲོས་ཚོགས་ཚང་འཛོམས་སར་གསུང་བཤད་ཐེངས་གཉིས་གནང་མཁན་གཅིག་པུར་གྱུར་ཡོད་པ་རེད།  ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིངཀེན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་ཡང་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པ་འདི་མཐུད་ཐབས་སུ་ཕེབས་པ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་གར་དང་ཨ་རི།  ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བ་དང་འདིས་རྒྱ་ནག་ཐོག་ལ་ཤུགས་རྐྱེན་ཇི་ཐེབས་དང་།  བོད་དོན་ལ་གླེང་སྟེགས་ཤིག་ཐོབ་ཀྱི་ཡོད་མེད་ཐད་གནད་དོན་དབྱེ་ཞིབ་པ་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎