གོ་ལའི་ནང་པའི་ལྷན་ཚོགས་ཐེངས་དང་པོ།

རྒྱ་གར་སྲིད་བློན་ན་རེན་དྲ་མོ་དྷི་མཆོག་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་པའི་གོ་ལའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་ཚོགས་གནང་པ་དང་བསྟུན། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འཛམ་གླིང་ཞི་བདེ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཁྱད་ཡོན་དར་འཕེལ་གྱི་དགེ་ཚན་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་འདིར་ཚོགས་ཞུགས་གནང་པ་དེང་སྐབས་རྒྱ་གར་གྲོང་ཁྱེར་པུ་ནེ་ (Pune) རུ་པ་ལཱི་སྲོལ་ལུགས་ཀྱི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པ་རྒྱ་གར་བ་མི་རིགས་ཡིན་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་གྲགས་པ་སྦྱིན་པ་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།