ཆོས་ལུགས་དང་འབྲེལ་བའི་ཉིན་གསུམ་གྱི་སྦྱོང་བརྡར་ལས་རིམ།
ལྷོ་ཨཕ་རི་ཀའི་སྐུ་ཚབ་དོན་ཁང་གི་ཆོས་དགེ་དགེ་བཤེས་བློ་བཟང་དོན་གྲུབ་ལགས་ཀྱིས་ལྷོ་ཨཕ་རི་ཀའི་ཤེས་རིག་སྡེ་ཚན་དང་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་སྤྱི་ཚོགས། དཔལ་འབྱོར་ཚན་པས་ Port Elizabeth ས་གནས་སུ་ཆོས་ལུགས་དང་འབྲེལ་བའི་ཉིན་གསུམ་གྱི་སྦྱོང་བརྡར་ལས་རིམ་ཐོག་ཉེ་ཆར་མཉམ་ཞུགས་ཀྱིས་བོད་ཀྱི་ནང་ཆོས་སྐོར་ངོ་སྤྲོད་གནང་ཡོད་ཅིང་། ཁུལ་དེ་གོ་སྐབས་ནམ་བྱུང་ལ། བོད་བརྒྱུད་ནང་ཆོས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་དང་མ་འབྲེལ་བའི་བཟང་པོའི་གོམ་གཤིས་ཁྱབ་སྤེལ་ཐད་སྤྱི་ཚོགས་དང་། སློབ་གྲྭ་ཆེན་མོ་སོགས་སུ་ཕེབས་ཞུགས་གནང་མུས་རེད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལྷོ་ཨཕ་རི་ཀའི་ནང་བོད་བརྒྱུད་ནང་ཆོས་ལ་དོ་སྣང་དང་ཁྱབ་སྤེལ་ཇི་ལྟར་བྱུང་བཞིན་ཡོད་མེད་ཐད་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། དོན་ཁང་གི་ཆོས་དགེ་བཅས་དང་ལྷན་བགྲོ་གླེང་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།