བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་གྲོས་ཚོགས་ཀྱི་ཁྲིམས་འཆར་ནང་བཅུག་དགོས།
2022.03.30

ཨ་རིའི་གྲོས་ཚོགས།
དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་དབུ་འཁྲིད་རྣམ་པར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་དང་འགྲན་བསྡུར་གྱི་ཁྲིམས་འཆར་ཧ་ཅང་གི་ཆེན་པོ་དེའི་ནང་བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་བཅུག་གནང་དགོས་པའི་ཕྱག་བྲིས་ཤིག་ཕུལ་གནང་ཡོད་པའི་གནད་དོན་དང་འབྲེལ་བའི་སྐོར་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་ལས་ཚབ་བུ་ཆུང་ཚེ་རིང་ལགས་སུ་འདི་གའི་གསར་འགོད་པ་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་ལ་གསན་རོགས་གནང་།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།