པེ་ཅིན་དུ་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཀྱི་སྦྱིན་བདག་ཁེ་གཉེར་ལས་ཁང་ཐོག་ཉན་ཞིབ།
CECCཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ཏུ་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་སྐབས་སྦྱིན་བདག་ཁེ་གཉེར་ལས་ཁང་སྐོར་ཉན་ཞིབ་གནང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim McGovern ལགས་ཀྱིས་Toyota ཁེ་གཉེར་ལས་ཁང་གིས་ཉི་འོང་དུ་ཚོགས་བཞིན་པའི་དབྱར་དུས་ཨི་ལིམ་པིཀ་བརྙན་འཕྲིན་ནང་ཚོང་ལས་ཁྱབ་བསྒྲགས་ཕྱིར་འཐེན་གནང་ཡོད་ན།ཕྱོགས་མཚུངས་རྒྱ་ནག་ཏུ་འཚོགས་རྒྱུའི་ཕྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ནས་ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་ཚོང་གི་ཁྱབ་བསྒྲགས་ཡོངས་རྫོགས་ཕྱིར་འཐེན་མི་གནང་བ་ཅི་ཡིན་ནམ་ཞེས་འདྲི་བའི་ཚུལ་དུ་མི་རིགས་སྡེབ་གསོད་གཏོང་ཡུལ་རྒྱ་ནག་ལ་མཐུན་འགྱུར་མི་གནང་བའི་སྐུལ་མ་གནང་བའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་བསྡུས་ཞུས་པར་གསན་རོགས།
གསར་འགོད་པ།བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ།འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན།ཡེ་ཤེས་བཀྲ་ཤིས།