བོད་ཀྱི་སྲོལ་རྒྱུན་འབྲོག་པ་རྣམས་ཀྱི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་འབྱུང་ཉེན་ཡོད་པ།
2021.10.23

པར་ཚགས།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རིང་མིན་དབྱིན་ཡུལ་ནང་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༦ པ་ཚོགས་འཆར་ཡོད་པའི་དུས་སྐབས་སུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྐབས་ཕྲལ་བོད་ནང་གི་ཁོར་ཡུག་གནས་བབ་དང་འབྲེལ་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་འབྲོག་པ་རྣམས་ཀྱི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་འབྱུང་ཉེན་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ལྟེ་གནས་ཁང་གི་ཉམས་ཞིབ་པ་གདན་ཞུས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།