བཅིངས་འགྲོལ་དམག་གིས་ཚུལ་རྣམ་རི་ཁྲོད་དགོན་པའི་ལྷ་རྟེན་ཆོས་གསུམ་དང་རྒྱུ་དངོས་འཕྲོག་པ།
2021.09.03
༄༅།།ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་བརྗོད་བྱ་ནི། ༡༩༥༨ ལོར་བོད་མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཆགས་པའི་ཚུལ་རྣམ་རི་ཁྲོད་དགོན་པར་རྒྱ་ནག་བཅིངས་འགྲོལ་དམག་གིས་བཙན་འཛུལ་བྱས་པའི་ཁྲོད་དགོན་པའི་ལྷ་རྟེན་ཆོས་གསུམ་དང་རྒྱུ་དངོས་འཕྲོག་ཚུལ། དགེ་འདུན་པ་ཉིས་བརྒྱ་ལྷག་ཡོད་པའི་ཁྲོད་བཙན་ཁྲིད་བཙོན་འཇུག་དང་དམར་གསོད་བྱས་པའི་ལྷག་ལུས་ཚོ་བཙན་དབང་གིས་སྐྱ་སར་ཕབ་ཚུལ། མཐར ༡༩༧༩འི་ལོར་ཁོང་བཙན་བྱོལ་ལ་ཡོང་དོན་སོགས་ད་ལྟ་དགུང་ལོ ༨༠ར་སོན་པའི་ཨ་ཁུ་ནམ་མཁའ་ལགས་སུ་སྟག་ལྷ་རྒྱལ་གྱིས་བཅར་འདྲི་བྱས་པར་གསན་རོགས།།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།