རྒྱ་ནག་གི་བཙོན་ནང་མུ་མཐུད་གནས་བཞིན་པའི་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ།
2024.02.09
༄༅།།ཐེངས་འདིའི༼བོད་རྒྱའི་སྐབས་དོན་གླེང་བ༽ཞེས་པའི་ལེ་ཚན་ནང་། བོད་རང་བཙན་ཡིན་པའི་སྦྱར་ཡིག་ཕོན་ཆེ་བ་བཀྲམས་པའི་ཉེས་མིང་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཆད་བཅད་དེ་ད་བར་དུ་མི་ལོ ༢༤ ཙམ་ལ་རྒྱ་ནག་གིས་བཙོན་འཇུག་བྱས་པ་དང་། ད་དུང་ཡང་བཙོན་འོག་ན་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་མ་ཆོས་དབྱིངས་མཁས་གྲུབ་ལགས་ཀྱི་སྐོར། ཁོང་གི་བཙོན་གྲོགས་བསྟན་པ་དར་རྒྱས་ལགས་སུ་སྟག་ལྷ་རྒྱལ་གྱིས་བཅར་འདྲི་ཞུས་པ་ཞིག་ལ་གསན་རོགས་གནོངས།།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།