ལྷ་སའི་གྱེན་ལངས་ཀྱི་ཤུགས་རྐྱེན་དང་མདུན་ལམ།

ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། ལྷ་སའི་གྱེན་ལངས་ཀྱི་ཤུགས་རྐྱེན་དང་མདུན་ལམ་གླེང་རྒྱུ་ཡིན་ལ། དེ་ཡང་རབ་བྱུང་གཅིག་གི་ཡར་སྔོན་སྟེ། སྤྱི་ལོ ༡༩༥༩ ལོའི་ཟླ ༣ པའི་ཚེས ༡༠ ཉིན་བྱུང་བའི་ལྷ་སའི་གྱེན་ལངས་སམ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཞེས་པའི་ཉིན་མོ་དེར་རྗེས་དྲན་ཆེད། ལྷ་སའི་གྱེན་ལངས་གྱི་རྒྱབ་ལྗོངས་དང་། བྱུང་རྐྱེན། ཚེས་དུས། ལས་འགུལ་གྱི་དུས་ཡུན་དང་རྣམ་པ། ནང་ཞུགས་མི་དམངས། དགོས་འདུན་དང་སྐད་འབོད། ང་ཚོས་དུས་ནས་དུས་སུ་ལྷ་སའི་གྱེན་ལངས་ལ་རྗེས་དྲན་བྱེད་དགོས་པའི་དགེ་བ་དང་རྒྱུ་མཚན་སོགས་ཀྱི་ཐད། བོད་མི་དམངས་སྤྱི་འཐུས་ཟུར་པ་དང་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་སྐབས་དོན་ཆབ་སྲིད་དཔྱད་བརྗོད་པ་སངས་རྒྱས་སྐྱབས་ལགས་རྣམ་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས་གནོངས།།