བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་གྲྭ་ཆེན་མོ།
2022.12.23
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། སྤྱིར་ན་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་གྲྭ་ཆེན་མོའི་གནད་དོན་སྐོར་གླེང་རྒྱུ་ཡིན་ལ། བྱེ་བྲག་ད་ལྟའི་ཆར་རྒྱ་ནག་དམར་ཤོག་མི་སེར་སྤེལ་གཞུང་གི་དབང་བསྒྱུར་འོག དོན་དམ་པའི་བོད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་སའི་མཐོ་རིམ་སློབ་ཆེན་ཡོད་དམ་མེད། དེ་སྔ་རྒྱ་ནག་ཡོངས་སུ་བོད་ཀྱི་སློབ་གླིང་དྲུག་བདུན་ཞིག་ཡོད་པ་དེ་དག་གི་ད་ལྟའི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་པ། དེ་འདྲའི་གནས་སྟངས་བྱུང་སྟངས་དང་སྲིད་ཇུས་རྒྱབ་ལྗོངས་སོགས་ཀྱི་སྐོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཟུར་པ་དང་ཁེ་ཎ་ཌ་ཁྲོ་རོན་ཁྲོ་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་ད་ལྟ་ཁེ་ཎ་ཌར་གནས་བཞུགས་རྒན་རྒྱལ་ལོ་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་གནང་བ།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།