ནུབ་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་མི་ཉམས་རྒྱུན་འཛིན།

2023.01.18
ནུབ་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་མི་ཉམས་རྒྱུན་འཛིན། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་མ་ཧཱ་གུ་རུའི་འབུམ་ཚོགས།
པ་སངས་དོན་ལྡན།

དེ་རིང་གི་ཁ་བའི་གྲོས་རྭ་ལེ་ཚན་འདིའི་ནང་དུ། ནུབ་ཕྱོགས་སུ་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གིས་ལོ་གཅིག་ནང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་འགངས་ཆེ་བ་ཁག་དང་དུས་ཆེན་ཁག་སྲུང་བརྩི་ཞུ་རྒྱུའི་གལ་གནད་སྐོར། ཡང་བལ་ཡུལ་དང་རྒྱ་གར་དང་མི་འདྲ་བར་འགྲན་སྡུར་དང་བྲེལ་ཟིང་ཧ་ཅང་ཆེ་བའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པར་སླར་གསོའི་ཆེད་བོད་རིགས་མང་ཚོགས་ཀྱིས་དད་པ་དག་སྣང་གིས་ཕྱག་ལས་གང་འདྲ་གནང་གི་ཡོད་པ། གཞན་ཡང་ནུབ་ཕྱོགས་སུ་བོད་རིགས་གཞོན་སྐྱེས་ཚོས་སོ་སོ་འཚར་ལོངས་བྱུང་སའི་ཡུལ་དེའི་ཡུལ་གོམས་གཤིས་ལུགས་དང་དུས་དྲན་ཁག་ལ་ཧ་ཅང་གི་དོ་སྣང་དང་གལ་ཆེན་པོ་བརྩི་གི་ཡོད་ཀྱང་། བོད་པའི་ཕ་མེས་ལས་མཆེད་པའི་སྲོལ་རྒྱུན་གྱི་དུས་དྲན་ལ་དེ་ཙམ་གྱི་དོ་སྣང་ཡོང་གི་མེད་པའི་རྒྱུ་མཚན་ཅི་ཡིན་དང་། ཡང་ནུབ་ཕྱོགས་སུ་བོད་རིགས་སྐྱེས་པ་ཕོ་ལས་བུད་མེད་ཚོས་ནང་ཆོས་ལ་དོ་སྣང་ཆེ་བ་ཡོད་པའི་བསམ་ཚུལ་བཤད་མཁན་ཡང་ཡོད་པ་རེད། གཞན་ཡང་དུས་དང་ཁོར་ཡུག་ལ་བསྟུན་པའི་བོད་པའི་ནང་ཆོས་ཀྱི་བྱེད་སྒོ་ཁག་སྤེལ་ཕྱོགས་ཐད་འགྱུར་བ་གཏོང་དགོས་པ་ཇི་ཡོད་སོགས་གནད་དོན་ཁག་ཅིག་གི་སྐོར། ཨ་རིའི་སེ་ཨ་ཊལ་ནས་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་དང་། ཨ་རིའི་སྦོ་སི་ཏྲོན་ནང་རྟེན་གཞི་བྱེད་པའི་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཀྱི་འགན་འཁུར་བ་དགེ་བཤེས་ངག་དབང་འཕྲིན་ལས་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་བྱས་པར་གསན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎