སྙིང་རྗེའི་ལྟ་ཕྱོགས་ལ་འགྱུར་བ།
2021.03.06

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་འཇོར་ཇི་ཡ་མངའ་སྡེའི་ཨེཊ་ལེན་ཊ་གྲོང་ཁྱེར་ནང་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་གིས་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་སྨོན་ལམ་དང་རྒྱབ་སྐྱོར་ལམ་སྟོན་འོག་ཕྱི་ཟླ་ ༣ ཚེས་ ༦ ནས་ཉིན་གྲངས་ ༢༡ རིང་སྙིང་རྗེའི་ལྟ་ཕྱོགས་ལ་འགྱུར་བ་ཞེས་པའི་ལས་རིམ་ཞིག་དབུ་འཛུགས་གནང་ཡོད་ཅིང་། ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་གི་སི་ཤེས་ཡོན་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་དང་ལྷན་ལས་རིམ་དེའི་བསྒྲུབ་བྱའི་དམིགས་ཡུལ་བཅས་ཀྱི་སྐོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག