རང་དབང་ལྡན་པའི་གསར་འགོད་ཀྱི་ལས་དོན་གྱི་གལ་འགངས།

2023.05.13
རང་དབང་ལྡན་པའི་གསར་འགོད་ཀྱི་ལས་དོན་གྱི་གལ་འགངས།
ཤཀྱཱ་བསྟན་འཛིན་དབང་མོ།

འཛམ་གླིང་དམངས་གཙོའི་འཕེལ་རིམ་ནང་རང་དབང་ལྡན་པའི་གསར་འགོད་ཀྱི་ལས་དོན་དང་སྨྲ་བརྗོད་རང་དབང་ནི་ཆེས་གལ་འགངས་ཆེན་པོ་གྱུར་ཞིང་།  གཅིག་བཏུས་དབང་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བའི་སྐབས་འདིར་དེ་བས་གནད་འགག་ཆེན་པོར་འགྱུར་བཞིན་ཡོད་པ་རེད།  དེ་རིང་གི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་མི་རི་ཀའི་ནང་ཆུང་དུས་ལོ་ན་ ༨ ལ་སོན་སྐབས་སྤོ་བཞུད་ཀྱིས་ཁུལ་འདིར་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཁོངས་སུ་བོད་མི་གསར་འགོད་ལས་རིགས་ལ་གཉེར་མཁན་ཆེས་ཉུང་ངུའམ་ཆེས་ཐོག་མའི་གྲས་ནས་ཨེ་སྦི་སི་གསར་ཁང་ནང་གསར་འགོད་ལས་རིགས་གཉེར་མཁན་ཤཀྱཱ་བསྟན་འཛིན་དབང་མོ་ལགས་དང་ལྷན་འདི་གའི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

IMG-20230512-WA0025.jpg
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎