མཱེ་སོར་གྲུང་ཁྱེར་ནང་བོད་མིར་སྡོད་ཁང་ཞེས་པ་ཞིག་གསར་བཙུགས།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། གཞན་ཕན་སྤྱི་ཚོགས་ཞབས་ཞུ་ཁང་གིས་རྒྱ་གར་ལྷོ་ཕྱོགས་མཱེ་སོར་གྲོང་ཁྱེར་དུ་བོད་མིར་སྡོད་ཁང་ཞེས་པ་ཞིག་གསར་བཙུགས་གནང་ཡོད་པ་ནི། ལྷོ་ཕྱོགས་ཁུལ་གྱི་སློབ་མ་དང་ནད་པ་སོགས་ཀྱི་ཆེད་དུ་དམིགས་ནས་བཙུགས་པ་ཞིག་ཡིན་པ་ཚོགས་པ་གསར་འཛུགས་གནང་མཁན་རྒན་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྒན་བསོད་ནམས་ཕུན་ཚོགས་ལགས་ཀྱིས་དེང་དུས་ཕྱི་ལུགས་ཤེས་ཡོན་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་སློབ་སྦྱོང་གནང་མྱོང་ཡོད་པར་གཞིགས་པས། ནང་པ་སངས་རྒྱས་པ་དང་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་ཁྲོད་སྤྱི་ཚོགས་ཞབས་ཞུ་ལ་ལྟ་ཕྱོགས་ཁྱད་པར་ཇི་ཡོད་དང་། སྒོས་སུ་ནང་པ་སངས་རྒྱས་པའི་ཆོས་ནང་དམིགས་བསལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་ཡོད་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།