དཔལ་འབྱོར་སླར་གསོར་གཞུང་དངུལ་ཕོན་ཆེ་གཏོང་བར་ཉེན་བརྡ།
2008.12.14
༄༅༎འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར་འབྱོར་ལྡན་རྒྱལ་ཁབ་ཁག་གིས་དཔལ་འབྱོར་སླར་གསོའི་ལས་གཞི་གསར་གཏོད་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་ལ་དོ་ཕོག་མི་འགྲོ་བ་བྱ་གལ་ཆེ་ལུགས་འཛམ་གླིང་དངུལ་ཁང་གི་ཚོགས་གཙོ་ཛོ་ལིཁ་ཡིས་གསུངས་གནང་འདུག
དཔལ་འབྱོར་སླར་གསོའི་ཆེད་འབྱོར་ལྡན་རྒྱལ་ཁབ་ཁག་གིས་གཞུང་དངུལ་ཕོན་ཆེ་གཏོང་གི་ཡོད་པ་དེས་འབྱུང་འགྱུར་ཡུལ་དེ་དག་ནང་དཀའ་ངལ་གྱི་རང་བཞིན་ཆགས་སྲིད་པ་ནམ་ཞིག་ནས་དཔལ་འབྱོར་སྔར་སོར་ཆུད་ཐབས་བྱ་གལ་ཆེ་ལུགས་འཛམ་གླིང་དངུལ་ཁང་གི་ཚོགས་གཙོས་གསུངས་གནང་འདུག ཡང་དེ་སྔ་ས་ཡོམས་འཇིགས་པ་བྱུང་བར་ཞལ་འདེབས་རྒྱ་ཆེ་བྱུང་ཡོད་ཀྱང་ད་ཆ་སྔར་ལྟར་ཞལ་འདེབས་འབོར་ཆེན་འཐོབ་རྒྱུ་ཁག་པོ་ཡིན་སྐོར་ཁོང་གིས་མུ་མཐུད་གསུངས་གནང་འདུག