རྒྱ་ནག་གིས་ཀྲུའུ་ཡོན་ཁང་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག


2014.11.07
རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡ རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡
པར། IC

རྒྱ་ནག་གཞུང་གིས་ད་བར་འཇུ་བཟུ་བཀག་ཉར་འོག་ཡོད་པའི་ཀྲུའུ་ཡོན་ཁང་ལ་ཁྲིམས་བཤེར་བྱེད་བཞིན་པ་རྒྱ་ནག་གི་དཔོན་རིགས་ནས་བརྗོད་འདུག
དེ་ཡང་ཕྱི་ཟླ་བཅུ་གཅིག་པའི་ཚེས་༥ཉིན་རྒྱ་ནག་གི་ཁྲིམས་དོན་བློན་ཆེན་གཞོན་པ་ཀྲང་སུའུ་ཅུན་གྱིས་གསལ་བསྒྲགས་སྤེལ་བའི་ནང་། ད་ལྟ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་སྐྱིལ་འོག་ཡོད་པའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་དཔོན་རིགས་ཟུར་པ་ཀྲུའུ་ཡོན་ཁང་གིས་དབང་ཆ་སྒེར་སྤྱོད་དང་། ལྐོག་ཟ་རུལ་སུངས། དམར་ཤོག་གི་སྒྲིག་གཞི་རྡོ་རོལ་བཏང་བ་བཅས་ཀྱི་ནག་ཉེས་ལ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། ཞིབ་བཤེར་ལས་དོན་འགྲུབ་པའི་རྗེས་འབྲེལ་ཡོད་ལས་ཁུངས་ནས་མི་མང་ལ་རིམ་པས་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་དང་། ཀྲོའུ་ཡོན་ཁང་ལ་ཞིབ་བཤེར་བྱེད་ཡ་དེས་ཁྲིམས་ཀྱི་མདུན་ལ་མི་རྣམས་གཅིག་འཚུངས་ཀྱི་རྣམ་པ་མཚོན་ཐུབ་རྒྱུ་མ་ཟད། གྱོད་དོན་དེ་བརྒྱུད་ནས་ང་ཚོས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོངས་རྒྱུར་ཡིད་ཆེས་ཆེ་རུ་འགྲོ་རྒྱུ་ཡིན་ལུགས་སོགས་བརྗོད་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཐོག་ནས ཀྲོའུ་ཡོན་ཁང་ལ་ཞིབ་བཤེར་ཉེས་ཆད་བཅོད་རྒྱུ་དེ་དུས་ཚོད་ཀྱིས་མ་གཏོགས་གཏན་འཁེལ་བྱུང་ཟིན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་མཁན་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ད་བར་ཀྲོའུ་ཡོན་ཁང་གི་ནག་ཉེས་ཐེར་འདོན་བྱེད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་དམར་ཤོག་དཔོན་རིགས་ཚོའི་བར་ཀྲོའུ་ཡོན་ཁང་གི་ནག་ཉེས་ཐག་གཅོད་ཇི་ལྟར་བྱེད་མིན་ཐད་མོས་མཐུན་ཡོང་གི་མེད་པ་སྟོན་ཡོད་ཚུལ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་དོན་བློན་ཆེན་གཞོན་པ་ཀྲང་སུའུ་ཅུན་གྱི་གསལ་བསྒྲགས་དེའི་ཐོག་ནས། ཀྲོའུ་ཡོན་ཁང་གི་གྱོད་དོན་གྱི་རྒྱབ་ཏུ་ད་དུང་ཡང་ཕྱིར་སྔོན་མི་ནུས་པའི་གསང་བ་མང་པོ་ཞིག་ཡོད་པ་མཐོང་ཐུབ་རྒྱུ་ཡོད་པ་དང་། ཀྲོའུ་ཡོན་ཁང་ལྟ་བུའི་དཔོན་རིགས་མཐོ་གྲས་ཤིག་གིས་རྒྱུན་དུ་འབྲེལ་བ་བྱེད་ཡུལ་ཡང་མང་ཆེ་བ་དཔོན་རིགས་མཐོ་གྲས་དང་། གྲགས་ཆེ་བའི་མི་སྣ་ཡིན་པར་བརྟེན་ཀྲོའུ་ཡོན་ཁང་གི་རྒྱབ་ཏུ་ད་དུང་ཡང་དཔོན་རིགས་དེ་བས་གོ་གནས་མཐོ་བ་ཡོད་སྲིད་པ་གནད་དོན་དབྱེ་ཞིབ་པས་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎