ཀྲའོ་ཡུང་ཁང་གུང་ཁྲན་ཏང་ནས་ཕྱིར་འབུད་བཏང་འདུག
2014.12.05
ཀྲའོ་ཡུང་ཁང་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་པ་ནས་ཕྱིར་འབུད་བཏང་བ་མ་ཟད་སྲིད་ཁྲིམས་ལས་ཁུངས་ནས་ནག་ཉེས་ཐག་གཅོད་བྱེད་རྒྱུར་བསྐྱལ་འདུག
དེ་ཡང་བརྒྱུད་ལམ་ཆེ་ཁག་གི་ཐོག་གནས་ཚུལ་སྤེལ་དོན་དུ། དེ་རིང་ཟླ་༡༢་ཚེས་༥་ཉིན་དེ་སྔ་རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་དང་། ཆབ་སྲིད་ཁང་གི་རྒྱུན་ལས་ཀྲའོ་ཡུང་ཁང་གུང་ཁྲན་ཏང་གི་ཚོགས་པ་ནས་ཕྱིར་འབུད་བཏང་པ་མ་ཟད། ཀྲའོ་ཡིས་ཉེས་གསོག་གི་གནད་དོན་དང་དེ་བཞིན་དངུལ་དངོས་ལྐོག་ཟ་དང་འབྲེལ་བའི་ཉེས་མིང་འོག་སྲིད་ཁྲིམས་ལས་ཁང་ལ་རྩིས་སྤྲོད་ཀྱིས་ཐག་གཅོད་བྱེད་རྒྱུ་རེད་འདུག རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲའོ་ཡུང་ཁའང་གིས་སྒྲིག་ཁྲིམས་ནས་ཚབས་ཆེ་འགལ་བའི་གྱོད་དོན་སྐོར་ལ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་སྙན་ཐོ་ལ་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཁང་གིས་ཞིབ་དཔྱོད་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་སྟེ་ཀྲའོ་ཡུང་ཁང་གུང་ཁྲན་ཏང་གི་ཚོགས་པ་ནས་ཕྱིར་འབུད་བྱེད་རྒྱུ་དང་། ཀྲའོ་ཡིས་བསགས་པའི་ཉེས་དོན་དང་དངུལ་དངོས་ལྐོག་ཟ་བྱས་དོན་སྲིད་ཁྲིམས་ལས་ཁུངས་ནས་ཁྲིམས་ཞིབ་བྱེད་རྒྱུར་ཐག་གཅོད་བྱས་འདུག
སྤྱིི་༢༠༡༤ལོའི་ཟླ་༧ཚེས་༢༩་ཉིན་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ལྷན་ཁང་གིས་ཚོགས་འདུ་བསྐོང་ཚོགས་ཐོག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ནས་ཞིབ་བཤེར་བྱེད་པའི་སྙན་སེང་ཉན་རྗེས་ཀྲའོ་ཡུང་ཁའང་ལ་གྱོད་དོན་ཞིབ་བཤེར་བྱེད་རྒྱུར་ཐག་བཅད་ཡོད་པ་རེད། ཀྲའོ་ཡུང་ཁང་གིས་ནག་ཉེས་ཇི་བསགས་ཀྱི་ཐད། ཀྲའོ་ཡུང་ཁའང་གིས་གུང་ཁྲན་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། སྒྲིག་འཛུགས་སྒྲིག་ཁྲིམས། གསང་ཉར་སྒྲིག་ཁྲིམས་ནས་ཚབས་ཆེ་འགལ་བ་དང་། གོ་གནས་བེད་སྤྱད་དེ་ཁྲིམས་འགལ་གྱི་ཁེ་ཕན་བསྒྲུབས་པ། ནང་མི་བརྒྱུད་དེ་ལྐོག་རྔན་ལེན་པ། དབང་ཆ་ལོག་པར་བེད་སྤྱད་དེ་གཉེན་ཉེ་དང་། ཟུར་མོ། གྲོགས་ཉེ་བཅས་ཀྱིས་ཚོང་གཉེར་བྱེད་སྒོར་རོགས་པ་བྱས་ཏེ་རྒྱུ་ནོར་ཆེན་པོ་ལེན་པ། བེུད་མང་པོ་ཞིག་དང་གབ་མཐུན་གྱིས་འདོད་བསྲེས་ཀྱི་ཉོ་ཚོང་བྱས་པ་སོགས་ཀྱི་ནག་ཉེས་བསགས་ཡོད་པ་བཀོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།