བླ་མའི་ཡང་སྲིད་དང་འབྲེལ་ནས་ལྐོག་དངུལ་བླངས་མེད་ཟེར།


2016.03.28
རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun
དྲ་བཤུས། XH

རྒྱ་ནག་དབུས་གཞུང་གི་མི་རིགས་དང་ཆོས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲུའུ་ཝེ་ཆོན་གྱིས་བོད་ཀྱི་བླ་མའི་ངོས་འཛིན་གྱི་གནད་དོན་ཐོག་ལྐོག་དངུལ་བླངས་མེད་པའི་སྐོར་ལན་འདེབས་བྱས་འདུག
ཉེ་སྔོན་རྒྱ་ནག་གིས་ཕྱིར་འགྲེམས་སྤེལ་བྱེད་བཞིན་པའི་Bowen Pressདྲ་རྒྱའི་ཐོག། རྒྱ་ནག་གི་ཆབ་གྲོས་ཀྱི་མི་རིགས་དང་ཆོས་དོན་ཚོགས་ཆུང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནང་དངུལ་གྱི་ལྐོག་རྔན་བླངས་པའི་གནད་དོན་ཐོག་དབུས་ཀྱི་ཞིབ་འཇུག་བྱེད་བཞིན་པའི་སྐོར་གནས་ཚུལ་ཞིག་སྤེལ་ཡོད་ཅིང་། གནད་དོན་དེ་དང་འབྲེལ་བའི་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཟུར་པ་དང་། ད་ལྟ་ཆབ་གྲོས་ཀྱི་མི་རིགས་དང་ཆོས་དོན་ཚོགས་ཆུང་གི་འགན་འཛིན་བྱེད་བཞིན་པའི་ཀྲུའུ་ཝེ་ཆོན་གྱིས་དེ་བདེན་པ་མིན་པ་དང་། ཁོ་པ་ལ་མིང་ཆད་ནག་ཉེས་བཟོས་པའི་ཆེད་ངོ་ཚ་མེད་པའི་ལས་ཀ་ཞིག་ཡིན་པ་དང་། སྐྱོན་འཛུགས་དེ་སུས་བྱེད་ཀྱི་ཡོད་མེད་གསལ་པོ་ཤེས་ཀྱི་མེད་པའི་སྐོར་དང་། འོན་ཀྱང་ཁོ་པས་ཏཱ་ལའི་ཤོག་ཁག་དང་འཐབ་རྩོད་རྒྱུན་རིང་བྱས་པའི་ཐོག་ནས་བྱུང་བ་ཡིན་སྲིད་པའི་སྐོར་ཚོད་དཔག་བྱས་འདུག།   
ལོ་འདིའི་འགོ་སྟོད་ཕྱི་ཟླ་དང་པོའི་ནང་། རྒྱ་ནག་གིས་བོད་ཀྱི་བླ་སྤྲུལ་༨༧༠་ཡོད་པའི་མཐོ་གཞུང་ཞིག་ཕྱོགས་བསྒྲིགས་བྱས་ཡོད་ཅིང་། དེའི་ནང་ཏཱ་ལ་བླ་མའི་མཚན་མེད་པའི་སྐོར་གནས་ཚུལ་བཀོད་འདུག། ཀྲུའུ་ཝེ་ཆོན་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཡིན་པའི་སྐབས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་དོན་གྲོས་མོལ་གནང་མཁན་གཙོ་བོ་དེ་ཡིན་པ་དང་། ཕྱི་ལོ་༢༠༠༨་ལོར་བོད་ཀྱི་ཕྱོགས་ནས་ཁས་ལེན་དོན་ཚན་བཞི་ཡོད་པ་བརྩི་སྲུང་དང་ལེན་བྱས་མེད་པའི་སྐོར་སྐྱོན་འཛུགས་བྱེད་མི་གཙོ་བོ་དེ་ཀྲུའུ་ཝེ་ཆོན་ཡིན་ཞིང་། ཁོ་བོས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་སྐོར་ཡང་གཏམ་བཤད་ལན་མང་བྱས་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎