རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་གི་འདས་མཆོད་ཉིན་དུར་སའི་ཉེ་འཁོར་དུ་དམ་དྲག

2021.04.05
རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་གི་འདས་མཆོད་ཉིན་དུར་སའི་ཉེ་འཁོར་དུ་དམ་དྲག རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་གི་འདས་མཆོད་ཉིན། ༤།༤།༢༡
RFA

རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་གི་འདས་མཆོད་སྐབས་སུ་རྒྱ་ནག་གཞུང་གིས་དུར་སའི་ཉེ་འཁོར་དུ་དམ་དྲག་བྱས་ཡོད་འདུག
སྤྱི་ཟླ་བཞི་བའི་ཚེས༤ཉིན། རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་(Zhao Ziyang)གི་འདས་མཆོད་ཉིན། ཀྲའོ་ཙི་དབྱང་གི་བུ་དང་བུ་མོ་གཉིས་གཙོས་ནང་མི་ཉེ་འབྲེལ་མི་གྲངས་ཉི་ཤུ་དུར་སར་འཛོམས་ནས་མེ་ཏོག་ཕུལ་བ་དང་། དུས་ཡུན་སྐར་མ་༢༠ཙམ་གྱི་རིང་འདས་མཆོད་བྱས་ཡོད་ནའང་། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་དུར་སའི་ཉེ་འཁོར་དུ་མི་གཞན་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་དམ་དྲག་ནན་མོ་བྱས་ཡོད་པ་འབྲེལ་ཡོད་མི་སྣས་འདི་གའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱ་ནག་གི་སྲིད་བློན་འདས་པོ་ཀྲའོ་ཙི་དབྱང་ནི། སྤྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་སློབ་མའི་དམངས་གཙོའི་ལས་འགུལ་དྲུག་བཞིའི་དོན་རྐྱེན་སྐབས་སུ། ཁོང་གིས་སློབ་མ་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་ནག་ཉེས་བཙུགས་ནས་མི་ལོ་༡༦གི་རིང་ལ་ཁྱིམ་དུ་བཟང་བཙོན་དུ་བཅུག་ནས་རྗེས་སུ་འདས་གྲོངས་སུ་ཕྱིན་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎