རྒྱ་ནག་གི་འགོ་ཁྲིད་ཡུས་ཀྲེང་ཧྲེང་བོད་ལ་ཡོང་ནས་བརྗོད་དོན།

རྒྱ་ནག་གི་དཔོན་རིགས་ཡུས་ཀྲེང་ཧྲེང་བོད་དར་རྩེ་མདོར་བལྟ་སྐོར་ཡོང་ནས་བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་ཆབ་གཅིག་ཏཱ་ལའི་ཤོག་ཁག་ལ་འཐབ་རྩོད་ནུས་ཤུགས་ཆེ་རུ་བཏང་དགོས་སྐོར་བརྗོད་འདུག

2013.01.09

དེ་ཡང་ཤིན་ཧྭ གསར་ཁང་དེས་གནས་ཚུལ་སྤེལ་དོན། ཚེས་༦ ཉིན་ཡུས་ཀྲེང་ཧྲེང་གིས་དཀར་མཛེས་ཁུལ་གྱི་ས་གནས་བླ་སྤྲུལ་ཁག་ཅིག་ལ་ཚོགས་འདུ་སྐོང་ཏེ། མེས་རྒྱལ་གཅིག་གྱུར་སྟོབས་ལྡན་དུ་གྱུར་ཚེ། ད་གཟོད་བོད་ཁུལ་ལ་འཕེལ་རྒྱས་དང་བདེ་སྐྱིད་ཡོང་ཐུབ་པ་དང༌། བོད་རྒྱུད་ནང་བསྟན་ལ་ཡང་སྔར་བའི་འོད་སྟོང་འབར་བའི་མདུན་ལམ་བསྐྲུན་ཐུབ་སྟབས། དགོན་པར་དོ་དམ་ཀྱི་སྲིད་ཇུས་ལ་གྲྭ་བཙུན་ཚོས་རྒྱབ་སྐོར་བྱེད་དགོས་པ་དང་། ཏང་གིས་དགོན་པ་ལ་གཞི་རིམ་གྱི་མཐུན་རྐྱེན་སྦྱར་ཏེ་བོད་བརྒྱུད་ནང་བསྟན་དང་། སྤྱི་ཚོགས་རིང་ལུགས་གཉིས་མཉམ་གནས་མཐུན་སྦྱོར་བྱས་ནས་ཏཱ་ལའི་ཤོག་ཁག་ལ་འཐབ་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་ཡོད་འདུག

ཡུས་ཀྲེང་ཧྲེང་ནི་དེ་སྔོན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང༌། སྐབས་༡༧་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང༌། ཏང་གི་ཚོགས་ཆེན་༡༨ ཐོག་རྒྱ་ནག་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་བདུན་གྱི་གྲས་སུ་བསྐོ་བཞག་བྱས་ཡོད་ལ། རིང་མིན་ཕྱི་ཟླ་༣ ནང་བོད་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་དབུས་སྲིད་གྲོས་ཀྱི་འགོ་འཛིན་གྱི་འགན་འཁྱེར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎