ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ།


2018.08.24
ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ། ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ།
tibet.net

དེ་སྔ་སྤྱི་ནོར༧གོང་ས་མཆོག་དང་བོད་གཞུང་ཚོང་དོན་སྐུ་ཚབ་རྒྱ་གར་དུ་ཕེབས་སྐབས་གསུང་བསྒྱུར་གནང་མྱོང་མཁན་ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་ཨ་རིའི་སྨན་ཁང་ཞིག་ཏུ་ཟླ ༨ ཚེས ༤ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུགཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་ནི།  ༡༩༣༡ ལོར་བོད་ཀྱི་རྒྱལ་ས་ལྷ་སར་༧རྒྱལ་མཆོག་༧སྐུ་ཕྲེང ༡༠ པའི་ཡབ་གཞིས་གཡུ་ཐོག་གཟིམ་ཤག་ཏུ་ཡབ་གཡུ་ཐོག་བཀྲ་ཤིས་དོན་གྲུབ་དང་། ཡུམ་འཆི་མེད་གཡུ་སྒྲོན་གཉིས་ཀྱིས་སྲས་སུ་འཁྲུངས་ཤིང་།    ༡༩༤༡ ལོར་རྡོར་གླིང་གི་ཡེ་ཤུའི་སློབ་གྲྭར་དབྱིན་སྐད་སྦྱངས།  ༡༩༥༠ ལོར་བོད་གཞུང་ཚོང་དོན་སྐུ་ཚབ་རིམ་བཞི་ཟུར་ཁང་ལྷ་དབང་སྟོབས་རྒྱལ་མཆོག་དང་། མཁན་ཆུང་བློ་བཟང་ཚེ་དབང་མཆོག་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་དང་མཇལ་འཕྲད་གནང་སྐབས་ཁོང་གིས་གསུང་བསྒྱུར་གནང་བ་དང་། ༡༩༥༦ ལོར་སྤྱི་ནོར༧གོང་ས་མཆོག་རྒྱ་གར་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤྱཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ངོ ༢༥༠༠  འཁོར་བའི་རྗེས་དྲན་མཆོད་འབུལ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྐབས་དམ་པ་དེ་ཉིད་ཀྱིས་སྐུའི་གསུང་བསྒྱུར་གྱི་འགན་བཞེས་གནང་མྱོང་བ་མ་ཟད། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ཆེད་ཕེབས་རྗེས་༧སྐུའི་གསུང་བསྒྱུར་གྱི་ཞབས་ཕྱི་ཞུས་གནང་ཡོད་པ་རེད།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག། ཏེ་ཛི་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་གནས་སྟངས་གསལ་བཤད་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐོག་མར་གནང་སྐབས་གཡུ་ཐོག་འཇིགས་མེད་རྡོ་རྗེ་ལགས་ནས་གསུང་བསྒྱུར་ཞུས་པ་དང་། གསར་འགོད་གསལ་བསྒྲགས་བོད་ཡིག་ནས་དབྱིན་ཡིག་ཐོག་ཕབ་བསྒྱུར་ཞུས་པ་སྒྲོགས་སྦྱང་གནང་མཁན་དེ་ཡང་ཡིན་པ་རེད་ལ།  དེ་བཞིན་རྒྱ་གར་མ་སུ་རིར༧རྒྱལ་བའི་གཟིམ་ཆུང་དང་བོད་གཞུང་གི་འཕྲལ་སེལ་ལས་ཁུངས་འཛུགས་སྐབས་སུའང་དབྱིན་དྲུང་གི་ཕྱག་ཡིག་ཞབས་ཞུས་ཡོད། ཁོང་༡༩༦༩ ལོར་ཨ་རིར་གནས་སྤོས་པ་དང་། ༡༩༧༩ ལོར ༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་སྐབས་ཨ་རིའི་སིཡ་ཊཱལ་མངའ་སྡེར་ཆིབས་བསྒྱུར་གོ་སྒྲིག་ཞུས་གནང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎