ཡུ་རོབ་ཀྱི་སྭི་ཝེ་ཌན་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཐབས་བྱུས་སྐོར་ལ་ཚོགས་འདུ་འཚོགས་འདུག

2024.12.02
ཡུ་རོབ་ཀྱི་སྭི་ཝེ་ཌན་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཐབས་བྱུས་སྐོར་ལ་ཚོགས་འདུ་འཚོགས་འདུག
CTA

ད་རེས་ཀྱི་ཚོགས་འདུའི་ཐོག་བོད་མི་གཞོན་སྐྱེས་སུམ་བཅུ་ལྷག་འདུ་འཛོམས་བྱས་པའི་ནང་མང་ཆེ་བ་ནི་ཡོ་རོབ་ཀྱི་རྒྱལ་ཁབ་Sweden, དབྱིན་ཡུལ་།་Norway, ཕེ་རན་སི་།་Belgium, Netherlands བཅས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་།  Brussels བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁྱོངས་རྒྱལ་ཁབ་དྲུག་ནས་ཡོང་བའི་བོད་རིགས་གཞོན་སྐྱེས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་།  ཁོང་རྣམ་པ་ཉིན་གསུམ་རིང་ཡོ་རོབ་V-TAG ཐབས་ཇུས་ཀྱི་ཚོགས་འདུ་དང་གཟབ་སྦྱོང་གི་ཆེད་དུ་འདུ་འཛོམས་བྱས་པ་ཞིག་ཡིན་པ་རེད་།

ཚོགས་འདུ་དེ་ནི་དབུས་བོད་མིའི་སྒྲིག་འཛུངས་ཀྱི་ཕྱི་དྲིལ་ལས་ཁང་གིས་གོ་སྒྲིག་གནང་བ་ Sweden ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་ཞུས་ཡོད་པ་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག་་Swede ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བའི་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི རྒྱལ་སྤྱིའི་འབྲེལ་མཐུད་དྲུང་འཕར་དང་།  བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་བ་མ་ཟད་། བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་རྩ་དོན་རྩོད་ལེན་བྱེད་པའི་ནུས་པ་སྤྲོད་དགོས་པའི་གལ་ཆེན་རང་བཞིན་སྐོར་གསུངས་ཏེ་མ་འོངས་པར་བོད་དོན་ལས་འགུལ་གྱི་འགོ་ཁྲིད་ཀྱི་ནུས་པ་སྐྲུན་དགོས་པའི་ནན་གསུང་གནང་འདུག

ཚོགས་འདུ་ཉིན་དང་པོའི་སྐབས་སུ་་Swede ན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ ་Mattias Bjornerstedt ཞུ་བས་། ཡོ་རོབ་ནང་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་དང་དཀའ་ངལ་སྐོར་གླེང་ཞིང་། ཁོང་གིས་བོད་དོན་དང་འབྲེལ་བའི་ཐུགས་རྒྱུས་ཟབ་མོ་གནང་ཡོད་ལྟར་ ད་ལྟའི་ཡོ་རོབ་ཀྱི་གནས་བབ་དང་མ་འོངས་པར་ཡོ་རོབ་ཀྱི་ནུས་སྟོབས་ཇི་ལྟར་འདོན་དགོས་པའི་སྐོར་གསུངས་ཡོད་པ་རེད་།

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ནུས་པ་ལྡན་པའི་ཞུ་གཏུག་གི་སྐོར་ལ་ཟབ་སྦྱོང་གནང་སྟེ། ཚོགས་པ་ཆ་བགོས་ཀྱིས་ལས་རིམ་ལ་མཉམ་ཞུགས་གནང་སྟེ་ཞུ་གཏུག་གི་ནུས་རྩལ་གོང་འཕེལ་གཏོང་བར་ཐུགས་སྣང་ཆེར་བསྐྱེད་གནང་འདུག

ཚོགས་འདུའི་ཐོག་ཡོ་རོབ་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་།་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་།་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་།་ཕེ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་།་Brussels བོད་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ལགས་།་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ངག་དབང་ཆོས་དར་ལགས་ཀྱང་མཉམ་ཞུགས་གནང་འདུག

བོད་དོན་དང་བླངས་ཞུ་གཏུག་ V-Tag ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པས་གཞོན་སྐྱེས་རྣམས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་ན་སུ་བཞུགས་ཀྱི་བོད་མི་ཚོས་ཆབ་སྲིད་ཀྱི་ནང་ཞུ་གཏུག་ཆ་ཤས་ལེན་ཆེད་སྡིངས་ཆ་བསྐྲུན་པ་ཞིག་ཡིན་པར་བརྟེན། བོད་མི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྒེར་གྱི་ངོ་ཚབ་སོགས་གཞོན་སྐྱེས་རྣམ་པར་དུས་ནས་དུས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན། རྒྱལ་སྤྱིའི་སྒྲིག་འཛུགས་དང་གཞུང་ཁག་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན་དང་ཟབ་སྦྱོང་ཕུལ་ཡོད་པ་མ་ཟད། བོད་མི་གཞོན་སྐྱེས་ཚོས་ཀྱང་དེ་མཚུངས་ཨ་མི་རི་ཀ་དང་ཡོ་རོབ་སོགས་སུ་བོད་དོན་དང་བླངས་ཞུ་གཏུག་གི་ལས་འགུལ་རིམ་ཅན་དུ་གནང་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོ

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎