བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ལྷན་ཚོགས་སྐོང་ཚོགས་གནང་བ།


2015.10.21
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ལྷན་ཚོགས་སྐོང་ཚོགས་གནང་སྐབས། ༢༠༡༥།༡༠།༢༡ བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ལྷན་ཚོགས་སྐོང་ཚོགས་གནང་སྐབས། ༢༠༡༥།༡༠།༢༡
tibet.net

བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་བསྒྲིཊ་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ལྷན་ཚོགས་སྐོང་ཚོགས་གནང་འདུག
དེ་ཡང་ཕྱི་ཚེས་༢༡ཉིན་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་བསྒྲིགས་འོག་ཉིན་གཉིས་རིང་། རྒྱ་གར་གྱི་མཐོ་རིམ་གཙུག་ལག་སློབ་གྲྭ་འདྲ་མིན་ཁག་ནང་ཉམས་ཞིབ་སློབ་གཉེར་གནང་བཞིན་པའི་བོད་རིགས་ན་གཞོན་ཉམས་ཞིབ་པ་བཅུ་གྲངས་ལྷག་མགྲོན་འབོད་ཀྱིས་ལྷན་ཚོགས་འགོ་འཛུགས་གནང་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཉམས་ཞིབ་པའི་ཚོགས་འདུ་དབུ་འབྱེད་སྐབས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་པའི་ནང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་མཐར་ཕྱིན་པའི་ཉམས་ཞིབ་ཀྱི་ལས་དོན་གྲུབ་པར་ཉམས་ཞིབ་པའི་ནུས་པ་འདང་ངེས་བཞིན་མེད་པའི་དཀའ་ངལ་ཡོད་སྟབས་བོད་དོན་ཉམས་ཞིབ་ཀྱི་ལས་དོན་ནང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ཁོ་ན་མ་ཡིན་པར་དེའི་ཕྱི་ལ་ཡོད་པའི་བོད་རིགས་ན་གཞོན་ཉམས་ཞིབ་པའི་ནུས་པ་མཉམ་བསྲེས་དང་། དཔུང་འདེགས་ཀྱི་གླེང་སྟེགས་བསྐྲུན་གལ་ཆེ་བ་ཡིན་པའི་སྐོར་ངོ་སྤྲོད་གནང་འདུག
ད་རེས་ཉིན་གཉིས་ཀྱི་ལྷན་ཚོགས་འདིའི་ཐོག རྒྱ་གར་གྱི་མཐོ་རིམ་གཙུག་ལག་སློབ་གྲྭ་ཁག་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཁག་ཅིག་ནས་ Tibet and Tibetan: Prospects and Challengesཞེས་བོད་དང་བོད་མིའི་རེ་སྒུག་དང་འཐབ་རྩོད་ཀྱི་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་གྱི་ནང་དོན་ངོ་སྤྲོད་གནང་རྒྱུ་མ་ཟད། རྒྱ་ནག་ནང་ཁུལ་གྱི་དཀའ་ངལ་དང་། བོད་མིའི་རང་དབང་འཐབ་རྩོད་ནང་། སྤྱི་ཚོགས་དྲ་ལམ་གྱི་བྱེད་སྒོ། བོད་དང་རྒྱ་ནག་ནང་རང་བྱུང་འཁོར་ཡུག་གི་གནད་དོན། རྒྱ་ནག་གི་བོད་དབང་སྒྱུར་བྱས་པའི་གནས་སྟངས་དེ་ཁྲིམས་མཐུན་ཇི་ཆགས། བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་དང་དེང་རབས་ཅན་གྱི་གནས་སྟངས་འོག་བོད་ཀྱི་ཆོས་དང་རིག་གཞུང་བཅས་པའི་བོད་མིའི་ངོ་བོ་གཅེས་སྲུང་ཀྱི་གནས་འགག རྒྱ་ནག་གི་དཔལ་འབྱོར་གྱི་སྲིད་ཇུས་དང་བོད་ནང་ཡར་རྒྱས་འཛུགས་བསྐྲུན་གྱི་ལས་གཞི་བོད་ཀྱི་གནད་དོན་ཐོག་རྒྱ་གར་བ་དང་ནུབ་ཕྱོགས་པའི་ལྟ་ཕྱོགས་བཅས་ཀྱི་སྐོར་གྲོས་བསྡུར་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎