རྒྱ་ནག་དམག་མིས་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་བྱས་པ།

ཟླ་བ་འདིའི་ཚེས་ཤར་ནང་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་མིས་ས་མཚོ་གཉིས་ཐོག་ནས་རྒྱ་གར་གྱི་ས་མཚམས་ནང་བཙན་འཛུལ་བྱས་འདུག

2008.09.12

༄༅༎རྒྱ་གར་བྱང་ཕྱོགས་ལ་དྭགས་དང་ས་མཚམས་འཁེལ་སའི་ པང་གོང་མཚོའི་བྱང་རྒྱུད་ཆུ་ཁ་དང་ལ་དྭགས་ཤར་ངོས་ ཊིརིག་ཧའེཏ་སེ་ཁུལ་རྒྱ་མིའི་ས་མཚམས་དཔུང་དམག་གིས་བཙན་འཛུལ་བྱས་ཡོད་པ་རེད།

རྒྱ་མཚོ་ངོས་ནས་མཐོ་ཚད་མི་ཊར་༤༢༥༠འི་སར་ཡོད་པའི་ ཕང་གོང་མཚོ་ནི་རྒྱ་གར་ནས་བོད་བར་རྒྱ་ཁྱོན་རིང་ཚད་ཀི་ལོ་མི་ཊར་༡༣༤ཡོད་པ་ནས་གསུམ་ཆ་གཉིས་ད་ལྟའི་སྐབས་དེར་རྒྱ་ནག་གི་བཏང་འཛིན་འོག་ཡོད་པ་རེད། རྒྱ་གར་ཕྱོགས་ཀྱིས་བརྗོད་དོན་ལྟར་ན། རྒྱ་མིའི་དཔུང་དམག་གིས་ཟླ་བ་འདིའི་ཚེས་༢ཉིན་ པང་གོང་མཚོ་ཡོད་སར་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་དབྱེར་ཐིག་བརྒལ་ནས་རྒྱ་གར་གྱི་ས་ཐོག་བཙན་འཛུལ་བྱས་ཡོད་པ་རེད།

དེའི་རྗེས་ཀྱི་ཉིན་གཉིས་པ་དེར་རྒྱ་མིའི་དམག་དཔུང་གིས་ཊིརིག་ཧའེཏ་སེ་ཞེས་པའི་ལ་བརྒལ་ནས་བཙན་འཛུལ་བྱས་ཡོད་སྐོར་ མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་ རྒྱ་གར་གྱི་གསར་ཤོག་ཊའེམ་སེ་ཨོབ་ཨིན་ཌི་ཡ་ལ་འགྲེལ་བརྗོད་གནང་ཡོད་པ་རེད། མི་སྣ་དེས་ རྒྱ་མིའི་ས་མཚམས་ལྟ་སྲུང་དཔུང་དམག་གི་སྣུམ་འཁོར་རྒྱ་གར་གྱི་ས་ཐོག་ཏུ་འཛུལ་ནས་དུས་ཡུན་གང་ཙམ་བསྡད་པའི་རྗེས་ཕྱིར་ལོག་བྱས་ཡོད་པ་དང༌། རྒྱ་ནག་མི་མང་བཅིངས་བཀྲོལ་དམག་མིས་ད་ལོ་རྒྱ་གར་གྱི་ལ་དྭགས་ས་ཁུལ་གྱི་ཤར་ངོས་སུ་འདི་ལོ་ཕྱི་ཟླ་དང་པོ་ནས་བཟུང་བཙན་འཛུལ་ཐེངས་བརྒྱ་ལྷག་བྱས་ཡོད་པའི་སྐོར་གསུངས་བཞག

དེ་སྔོན་༡༩༩༩ལོར་རྒྱ་གར་དང་པ་ཀི་སི་ཐན་དབར་ ཀར་གིལ་ས་མཚམས་ཁུལ་འཁོན་འཁྲུག་བྱུང་བའི་རྗེས་ པང་གོང་མཚོ་དེ་བཞིན་རྒྱ་ནག་ཕྱོགས་ཀྱི་འགག་རྩ་ཆེ་བའི་ས་ཚིགས་ཤིག་ཆགས་ཡོད་པ་དང༌། རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱ་རྒྱུའི་དོན་དུ་པང་གོང་མཚོའི་ལྷོ་ཕྱོགས་ཆུ་ཁ་བར་ཐད་ཀར་གཞུང་ལམ་ཞིག་ཀྱང་གསར་སྐྲུན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎