ཤིན་ཅང་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གོ་གནས་ནས་གནས་སྤོས་བྱ་རྒྱུ།

2021.12.25
ཤིན་ཅང་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གོ་གནས་ནས་གནས་སྤོས་བྱ་རྒྱུ། ཤིན་ཅང་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གོ་གནས་ནས་གནས་སྤོས་བྱ་རྒྱུ།
རོཡི་ཊརས།

རྒྱ་ནག་གི་ཤར་ཏུར་ཀིསྟན་ནམ་ཤིན་ཅང་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ ཁྲེན་ཆོན་གོ་ Chen Quanguo རང་གི་གོ་གནས་ནས་གནས་སྤོས་གིས་ཁོང་གི་ཚབ་ཏུ་རྒྱ་ནག་གི་གུང་ཏོང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Ma Xin grui བསྐོ་བཞག་བྱས་ཡོད་པ་རེས་གཟའ་སྤེན་པ་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག ཁྲེན་ཆོན་གོ་ནི་ཤིན་ཅང་ནང་ཡུ་གུར་དང་ཁ་ཆེའི་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་ཧ་ཅང་གི་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཁོ་པར་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཡོད་པ་རེད། ཡིན་ནའང་གནས་ཚུལ་ནང་བཀོད་པར་གཞིགས་ན་འཆར་ལོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་མི་འགྲོ་གཏན་འཁེལ་བྱེད་ཀྱི་ཡོད་སྟབས་ཁོ་པ་དེར་གནས་སྤར་བྱེད་རྒྱུ་ཡིན་ལུགས་བཀོད་འདུག 

འདི་དང་འབྲེལ་ཁ་ཉིན་ཨ་མི་རི་ཀའི་སྲིད་འཛིན་Biden མཆོག་གིས་ཡུ་གུར་མི་རིགས་ཚོར་རྒྱ་ནག་གཞུང་གིས་བཙན་དབང་གིས་ངལ་སྩོལ་བསྐུལ་མ་ཆོག་པའི་ཁྲིམས་གཞིའི་ཐོག་མཚན་རྟག་བཀོད་གནང་བའི་རྗེས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་ཅིང་། སྤྱི་བསྒྲགས་དེའི་ནང་ཁོང་གིས། དེང་སྐབས་རྒྱ་ནག་གཞུང་གིས་ཡུ་གུར་དང་ཁ་ཆེའི་གྲངས་ཉུང་མི་རིགས་གཞན་རྣམས་རྩ་མེད་བཟོ་བའི་སྲིད་བྱུས་དེ་ནི་འཛམ་གླིང་མི་མང་གི་སེམས་གཏིང་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད། དེ་འདྲ་སོང་ཙང་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་་བཙན་དབང་གི་སྒོ་ནས་་ངལ་སྩོལ་བསྐུལ་ཕྱོགས་དེར་འགན་འཁུར་དང་ཡ་ང་བའི་བྱེད་བབས་དེ་མཚམས་འཇོག་ཡོང་ཆེད་ཁྲིམས་འཆར་གཏན་འཁེལ་གནང་ཡོད་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཤིན་ཅང་དང་ཧོང་ཀོང།བོད་དང་རྒྱ་ནག་གི་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་དེར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀ་དང་གྲོས་ཚོགས་གོང་འོག་གཉིས་ཀས་གདོང་ལེན་དང་སྐྱོན་བརྗོད་མུ་མཐུད་བྱེད་རྒྱུ་ཡིན། གལ་སྲིད་ཨ་མི་རི་ཀས་དཔལ་འབྱོར་གྱི་ཁེ་ཕན་ཆེད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དེ་དག་འཐེར་འདོན་མ་གནང་བ་ཡིན་ན་འཛམ་གླིང་གི་ས་ཕྱོགས་གང་ནའང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཤོད་རྒྱུར་བཟང་སྤྱོད་ཀྱི་ཐོག་ནས་ཐོབ་ཐང་དེ་རླགས་ཡོད་པ་རེད་ཅེས་གསུང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎