བཞུགས་སྒར་དུ་ཤི་ཅི་པིང་ཆེད་ལས་འགུལ།

བཞུགས་སྒར་དུ་བོད་དོན་ཆེད་ངོ་རྒོལ་ལས་འགུལ་ཞིག་སྤེལ་བའི་བརྒྱུད། བོད་ཀྱི་གནད་དོན་དེ། མ་འོངས་རྒྱ་ནག་གི་སྲིད་འཛིན་ཤི་ཅི་པིང་ལ་འཕྲད་རྒྱུའི་དཀའ་ངལ་ཆེ་ཤོས་ཀྱི་གནད་དོན་དེ་ཡིན་སྐོར་གསུངས་འདུག

2012.10.04

༄༅།    ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན་གཉིས་ཀྱིས་སྣེ་ཁྲིད་ནས་ཟླ་འདིའི་ཚེས་༣ཉིན་བཞུགས་སྒར་དྷ་ས་མེག་གྷན་རླངས་འཁོར་འབབ་ཚུགས་ཀྱི་ཁྲོམ་གཞུང་དུ། ཤི་ཅི་པིང་རྒྱ་གཞུང་གི་འགོ་ཁྲིད་ཆགས་སྐབས། ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་དགོས་པའི་ལས་འགུལ་ཞིག་སྤེལ་འདུག

ཐོག་མར་ལས་འགུལ་བ་ཚང་མས་ཤི་ཅི་པིང་གི་ངོ་འབག་འགྱོན་པའི་མི་ཞིག་དང་མཉམ་ཁྲོམ་སྐོར་གྲུབ་མཚམས། ཤི་ཅི་པིང་གི་མདུན་དུ། བོད་ནས་རང་ལུས་མེར་སྲེག་བཏང་བའི་བོད་མི་ཁག་ཅིག་སར་འགྱེལ་ཡོད་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེས། ཞི་ཅིན་ཕིང་ལ་སེམས་ནད་ཕོགས་ཏེ་སྨན་པར་སྟོན་གྱི་ཡོད་པ། གཞན་ཡང་ཤི་ཅི་པིང་དེ་སྔོན་ཡང་བརླགས་མྱོང་ཡོད་པ་དང་། ད་ཐེངས་ཀྱང་གློ་བུར་དུ་བརླགས་ནས་ལས་འགུལ་བ་ཚོས་འཚོལ་གྱི་ཡོད་པའི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ལས་གུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎