ལྷ་སའི་བར་སྐོར་ནང་བཀག་རྒྱ་ལྷོད་ཡོད་ཀྱང་ཕོ་བྲང་པོ་ཏཱ་ལ་དང་གདན་ས་གསུམ་སྒོ་ཕྱེ་མི་འདུག


2020.04.28
བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་གླིང་དུ། ༢༠༢༠།༤།༢༨ བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་གླིང་དུ། ༢༠༢༠།༤།༢༨
བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་གླིང་དུ་བཀག་རྒྱ་ལྷོད་ནས་འགྲོ་བསྐྱོད་འགོ་ཚུགས་ཡོད་ཀྱང་པོ་ཏཱ་ལ་དང་གདན་ས་སེ་འབྲས་དགའ་གསུམ་ད་དུང་ཡང་སྒོ་ཕྱེ་མི་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དང་འབྲེལ་ནས་འགྲོ་བསྐྱོད་བཀག་སྡོམ་བྱེད་བཞིན་པ་ཁག་རིམ་བཞིན་ལྷོད་དུ་འགྲོ་བའི་མཚོན་རྟགས་གསལ་ཤོས་ཤིག་ནི། ལྷ་སའི་བར་སྐོར་ནང་བཀག་རྒྱ་ལྷོད་ནས་འདི་ཚེས་༢༨་ཉིན་ནས་མི་འགྲོ་བསྐྱོད་ཆོག་པ་བཟོས་ཡོད་འདུག གཟའ་འཁོར་འགའ་ཤས་གོང་ལྷ་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མ་ཡང་སྒོ་ཕྱེ་ཡོད་འདུག་ལ། བོད་ལྗོངས་སློབ་གྲྭ་ཆེན་མོ་ཕྱི་ཟླ་ ༤ ་ཚེ་ ༢༦ ་ཉིན་ནས་སྒོ་ཕྱེ་ཡོད་འདུག ཡིན་ན་ཡང་ལྷ་སའི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། ནོར་བུ་གླིང་ཁ། གདན་ས་སེ་འབྲས་དགའ་གསུམ་སོགས་ད་དུང་ཡང་སྒོ་ཕྱེ་མེད་པ་རེད་འདུག
དེ་བཞིན་ཕྱི་ཟླ་ ༤ ་ཚེས་ ༢༧ ་ཉིན་གསེར་རྟ་བླ་རུང་དགོན་པའི་བདག་གཉེར་ལས་དོན་ལྷན་ཁང་གིས་བརྡ་ཐོག་ཞིག་བཏང་འདུག་པ་དེའི་ནང་། གནས་སྐབས་བླ་རུང་དགོན་པ་དང་དུར་ཁྲོད་ཕྱི་ཕྱོགས་སུ་སྒོ་ཕྱེ་རྒྱུ་མིན་པ་བརྗོད་འདུག་ཅིང་། བརྡ་ཐོ་དེའི་ནང་། གསེར་རྟ་བླ་རུང་དགོན་པ་ནི། བཙུན་པ་དང་བཙུན་མའི་དགེ་སྦྱོང་བྱ་ཡུལ་ཞིག་ཡིན་པ་ལས་ཡུལ་སྐོར་བའི་ལྗོངས་ཁུལ་ཞིག་མིན་ལ། གསེར་རྟ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྡ་ཐོ་བདུན་པའི་ནང་དོན་ལྟར། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་དགོན། དུར་ཁྲོད་བཅས་ནི་ཡུལ་སྐོར་ལྗོངས་ཁུལ་མིན་པས། ཕྱི་ལ་སྒོ་འབྱེད་རྒྱུ་མིན་ཞེས་པའི་བླང་བྱ་ལྟར། ལྔ་གཅིག་དུས་ཆེན་ཟེར་བ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་མུ་འཐུད་དུ་སྒོ་མི་འབྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་བཀོད་འདུག་ཅིང་། ད་དུང་བརྡ་ཐོ་དེའི་ནང་། དུས་ཆེན་དེའི་སྐབས་ཕྱི་ནས་ཡོང་བའི་རླངས་འཁོར་དང་མི་སུ་ཞིག་འགྲོ་བཅུག་རྒྱུ་མིན་པ་གསལ་པོར་བཀོད་འདུག
ཡང་ཕྱི་ཟླ་ ༤ ་ཚེས་ ༢༠ ་ཉིན་དཀར་མཛེས་ཁུལ་དུ་ཡོད་པའི་ལྕགས་ཟམ་ཁའི་ཡུལ་སྐོར་ལྟེ་གནས་ཉིན་བཞིའི་རིང་སྒོ་རྒྱག་རྒྱུ་ཡིན་པའི་བརྡ་ཐོ་ཞིག་ཀྱང་བཏང་ཡོད་པ་རེད། ལྕགས་ཟམ་ཁུལ་གྱི་ཡུལ་སྐོར་ལྟེ་གནས་ཁང་དེ་དག་ཕྱི་ཟླ་ ༣ ་ཚེས་ ༢༠ ་ནས་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་བྱས་ཡོད། འོན་ཀྱང་རྒྱ་ནག་གི་ས་ཁུལ་ཁག་ནས་རྒྱ་མི་ཧ་ཅང་མང་པོ་ས་ཁུལ་དེའི་ནང་སླེབས་བཞིན་པར་བརྟེན་ས་གནས་ཀྱི་བོད་མི་ཚོས་ཏོག་དབྱིབས་རིམ་ནད་ཁྱབ་གདལ་འགྲོ་ཉེན་ཆེན་པོ་ཡོད་པར་བློ་འཚབ་བྱེད་བཞིན་ཡོད་པ་བོད་ནས་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་བའི་མི་དེས་ལྟེ་གནས་ཁང་དེ་དག་སྒོ་རྒྱབ་པའི་རྒྱུ་མཚན་གཙོ་བོ་ནི་བདེ་འཇགས་སྲུང་སྐྱོབ་དང་བརྟག་དཔྱད་བྱ་རིམ་བསྐྱར་སྒྲིག་བྱེད་ཆེད་ཡིན་པ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎