སྤྱི་ནོར་༧གོང་ས་མཆོག་གིས་ནད་ཡམས་དང་འབྲེལ་བའི་དགོས་ངེས་ཅན་ཚོར་ཕྱག་དངུལ་ཞལ་འདེབས་སྩལ།


2020.03.26
༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Jai Ram Thakur)་གཉིས་མཇལ་འཕྲད་སྐབས། ༢༠༡༨།༢།༡ ༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Jai Ram Thakur)་གཉིས་མཇལ་འཕྲད་སྐབས། ༢༠༡༨།༢།༡
OHHDL

༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཉམས་ཐག་དགོས་ངེས་ཅན་ཚོར་ཕྱག་དངུལ་ཞལ་འདེབས་སྩལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༦་ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Jai Ram Thakur)་མཆོག་གི་མཚན་ཐོག་བརྒྱུད། ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་དང་། དེ་འབྲེལ་ས་གནས་ཀྱི་མི་དམངས་ཉམས་ཐག་དགོས་ངེས་ཅན་ཚོར་བཟའ་ཆས་རིགས་མཁོ་སྤྲོད་ཆེད་དུ་བཙུགས་པའི་ཛ་དྲག་མ་དངུལ་ཐེབས་རྩར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་༧གོང་ས་ཏཱ་ལའི་བླ་བའི་དགེ་རྩ་ཚོགས་པའི་མཚན་ཐོག་ནས་ཕྱག་དངུལ་གང་མཚམས་ཞལ་འདེབས་གནང་ཡོད་པ་མ་ཟད། གདུང་སེམས་མཉམ་སྐྱེས་ཀྱི་ཕྱག་ཡིག་སྩལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཕྱག་ཡིག་ནང་༧གོང་ས་མཆོག་གིས། ཧི་མ་ཅལ་མངའ་སྡེ་འདི་བཞིན་ལོ་ངོ་དྲུག་བཅུའི་རིང་སྐུ་ཉིད་ཀྱི་བཞུགས་སྒར་ཆགས་ཡུལ་ལ་སོང་། རང་བཞིན་གྱིས་མངའ་སྡེའི་མི་དམངས་ལ་ཐུགས་ཉེ་པོ་ཡོད། དེ་བས་ཛ་དྲག་གི་སྐབས་འདིར་མངའ་སྡེའི་མི་དམངས་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེས་མཚོན་ཆེད་ཞལ་འདེབས་གནང་གི་ཡོད། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་སྣེ་ཁྲིད་རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་ནད་ཡམས་གསར་བ་འདི་ཁྱབ་གདལ་སྔོན་འགོག་གི་ཆེད་དུ་ཕྱག་ལས་གནང་བཞིན་པ་དེ་དག་ཚང་མ་ལམ་ལྷོང་ཡོང་བའི་ཐུགས་སྨོན་དང་གདེང་སྤོབས་ཡོད་པ་བཀའ་སྩལ་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་སྔར་བཞིན་གསལ་ཐང་ངང་བཞུགས་ཡོད་པས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་རྗེས་འབྲངས་བ་ཚོ་ཐུགས་བློ་བདེ་བོའི་ངང་བཞུགས་ཆོག དེང་སྐབས་ནད་ཡམས་ཁྱབ་གདལ་གྱི་སྐབས། ཕོ་བྲང་ནང་དུ་དྲུང་ཆེ་མ་གཏོགས་གཞན་ལས་བྱེད་སུ་གང་ཕེབས་མི་ཆོག་པ་བཅས་ཚང་མས་དམ་གཟབ་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎