དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ལ་ཁྲིམས་བཤེར་བྱེད་བཞིན་པར་བོད་མི་ཚོས་དྲ་ལམ་ཁག་ཏུ་དགའ་བསུ་ཤུགས་ཆེན་བྱེད་བཞིན་འདུག

2024.06.17
དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ལ་ཁྲིམས་བཤེར་བྱེད་བཞིན་པར་བོད་མི་ཚོས་དྲ་ལམ་ཁག་ཏུ་དགའ་བསུ་ཤུགས་ཆེན་བྱེད་བཞིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ཡིའི་པར་རིས།
(AP/Mark Schiefelbein)

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཟེར་བས། དེ་སྔ་ཕྱི་ལོ་ ༢༠༡༦ ནས་ཕྱི་ལོ་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་མཁན་ (Wu Yingjie) ཝུའུ་གཡིང་ཇེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཁག་ཚབས་ཆེ་འགལ་ཡོད་པའི་ཐད་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བཀོད་ཡོད་པ་དང་། དེ་འབྲེལ་གནས་ཚུལ་རྒྱ་ནག་གི་གསར་ལམ་ཁག་ཏུ་སྤེལ་བར། བོད་མི་ཚོས་ཝུའུ་གཡིང་ཇེ་ལ་བརྟག་དཔྱད་བྱེད་བཞིན་པ་དེ་ཡག་པོ་ཡིན་པ་དང་། དམར་ཤོག་ཚོགས་པའི་འགོ་ཁྲིད་རྫུན་མ་ཚོར་ཞིབ་བཤེར་དེ་རིགས་ལ་དགའ་བསུ་དང་མང་ཙམ་དགོས་པ་བརྗོད་བཞིན་འདུག སྤྱིར་ལྷ་ས་ཁུལ་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་དགའ་མོས་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་ལ། མི་མང་གི་བསམ་བློའི་ནང་འགོ་ཁྲིད་ཚོར་ཡིད་ཆེས་ཡོང་རྒྱུ་ཧ་ཅང་ཁག་པོ་ཡོད་སྐོར་བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་ནས་མི་ཁག་ཅིག་གིས།  སྤྱིར་ལྷ་ས་ཁུལ་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་དགའ་མོས་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། མི་མང་གི་བསམ་བློའི་ནང་འགོ་ཁྲིད་ཚོ་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་ཡོང་རྒྱུ་ཧ་ཅང་ཁག་པོ་ཡོད་པ་འགྲེལ་བརྗོད་བྱས་བྱུང་། 

རྒྱ་ནག་གི་གསར་ལམ་ཁག་ཏུ་ཝུའུ་གཡིང་ཇེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེ་བྱས་ཡོད་སྐོར་ལས། ཁྲིམས་སྒྲིག་གང་དང་འགལ་ཡོད་མེད་དང་ནག་ཉེས་ག་རེ་ཡོད་པ་སོགས་ཞིབ་ཕྲ་བཀོད་མེད་ན་ཡང་། གནས་ཚུལ་དེ་རིགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་རྗེས་བོད་ནང་གི་བོད་མི་མང་པོས་མཆན་བཀོད་ལམ་ནས་ཁོ་པར་ཞིབ་འཇུག་བྱས་པ་དེ་ཧ་ཅང་ཡག་པོ་ཡིན་པའི་བསམ་ཚུལ་ཤུགས་ཆེན་བརྗོད་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ནས། ཝུའུ་གཡིང་ཇེ་ཡིས་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་མ་བྱས་སྔོན་དུ་དམར་ཤོག་དྲུང་ཆེ་གཞོན་པ་སོགས་བྱས་པ་བརྒྱུད་འདས་པའི་ལོ་ངོ་ ༢༠ ལྷག་རིང་བོད་ནང་དུ་དྲག་གནོན་དང་དྲང་པོ་མིན་པའི་སྲིད་བྱུས་སྣ་ཚོགས་ལག་བསྟར་བྱས་པ་མ་ཟད། བོད་ནང་དུ་མི་རིགས་དང་རིག་གཞུང་རྩ་མེད་བཟོ་ཐབས་སོགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཡོད་མཐར། ཁོ་རང་ཚོ་ནང་ཁུལ་གྱི་སྲིད་དོན་དཀའ་རྙོག་འོག་རྩ་མེད་བཟོ་གཞི་ཆགས་པ་དང་། ཐེངས་འདིར་ཁོ་པའི་ནག་ཉེས་བ་ལ་ཞིབ་འཇུག་བྱེད་བཞིན་པ་དེར་བོད་མི་ཚོ་དགའ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གསར་ལམ་ཁག་ཏུ་ཝུའུ་གཡིང་ཇེ་ལ་ཞིབ་འཇུག་བྱེད་བཞིན་པའི་གནས་ཚུལ་འོག་ཏུ་མཆན་བཀོད་པའི་ཁྲོད། བོད་མི་ཞིག་ནས་རུལ་སུངས་འགོ་གཙོ་ཁོ་ལ་ཁྲིམས་ཆད་ནན་མོ་གཅོད་དགོས་སྐོར་དང་། ཡང་བོད་མི་གཞན་ཞིག་ནས་ཡར་སྲིད་གཞུང་ལ་མགོ་སྐོར་དང་མར་མི་མང་ལ་མགོ་སྐོར་མཁན་ཚོར་ལས་རྒྱུ་འབྲས་འཁོར་བ་ཡིན་རྒྱུ་རེད་ཅེས་དང་། དེ་བཞིན་སྲིད་གཞུང་གི་འགོ་ཁྲིད་ཚོར་མུ་མཐུད་བརྟག་དཔྱད་ཞིབ་བཤེར་དགོས་པ་སོགས་མང་དག་ཅིག་བརྗོད་བཞིན་ཡོད་པ་མ་ཟད། བརྙན་ལམ་གསར་འགྱུར་ཞིག་གི་འོག་ཏུ་མཆན་བཀོད་ ༧༠༠ ལྷག་ཡོད་པའི་ནང་ཚང་མས་བསམ་པ་གཅིག་མཐུན་ངང་ཡག་པོ་ཡིན་པ་དང་ཁོ་པར་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་དཔྱད་བརྗོད་འདྲ་མིན་སྤེལ་འདུག་ལ། བོད་གནད་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་དྲུག་ལ་ཁྲིམས་འགལ་བརྟག་དཔྱད་བྱས་ཏེ་ཉེས་ཆད་བཅད་ཡོད་ན་ཡང་། དེ་རིགས་ཚང་མ་ནང་ཁུལ་གྱི་སྲིད་དོན་དཀའ་རྙོག་ཙམ་ལས། དཔོན་རིགས་ཚོར་ཉེས་ཆད་གཅོད་བཞིན་པ་དེས་མ་འོངས་པར་བོད་ཀྱི་གནད་དོན་ཐད་ཁེ་ཕན་ཡོང་གཞི་ལྟ་བུ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

བོད་གནད་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་དྲུག་ལ་ཁྲིམས་འགལ་བརྟག་དཔྱད་དང་ཉེས་ཆད་ཕོག་ཡོད་ནའང་། དེ་རིགས་ཚང་མ་ནང་ཁུལ་གྱི་སྲིད་དོན་དཀའ་རྙོག་ཙམ་ལས། དཔོན་རིགས་ཚོར་ཉེས་ཆད་གཅོད་བཞིན་པ་དེས་མ་འོངས་པར་བོད་ཀྱི་གནད་དོན་ཐད་ཁེ་ཕན་ཡོང་གཞི་ལྟ་བུ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

ཝུའུ་གཡིང་ཇེ་ཕྱི་ལོ་ ༢༠༡༦ ནས་ཕྱི་ལོ་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ། དུས་ཡུན་དེའི་རིང་དམིགས་བསལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་མི་ཚོར་ཁ་བྲལ་འཐབ་རྩོད་དགོས་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། ཁོས་ཁ་བྲལ་སློབ་གསོ་དེ་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཁྱབ་དགོས་པའི་ལས་འགུལ་འོག་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཁྲིད་གཙོ་བོར་འཛིན་པའི་ཐོག་ནས་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤེལ་བ་དང་། བོད་ནང་སྔར་ལས་དྲག་གནོན་དང་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་རྡོག་རོལ་ཤུགས་ཆེ་བཏང་སྟབས། ཕྱི་ལོ་ ༢༠༢༢ ལོར་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་བཏང་བའི་ནག་ཉེས་འོག་ཝུའུ་གཡིང་ཇེ་དང་།ལྷ་སའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་ཀྲང་ཧོང་པའོ་ (Zhang Hongbo) ཟེར་བ་གཉིས་ལ། ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ཉེས་ཆད་བཏང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་པདྨ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎