ནོ་བེལ་ཞི་བདེའི་གཟེངས་རྟཊ་བཞེས་མཁན་མང་པོས་བསྔཊ་བརྗོད།


2014.12.12
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་ལ་ཕེབས་བཞིན་པ། ༢༠༡༤།༡༢།༡༢ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་ལ་ཕེབས་བཞིན་པ། ༢༠༡༤།༡༢།༡༢
WSNPL

ལྷོ་ཨ་ཧྥི་རི་ཀའི་གཞུང་གི་བྱེད་སྟངས་ལ་གདོང་ལེན་གནང་བར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོས་བསྔགས་བརྗོད་ཞུས་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ལྷོ་ཨབ་རི་ཀའི་ནང་ཆིབས་བསྒྱུར་བཀག་འགོག་བྱས་པར་ངོ་རྒོལ་མཚོན་ཆེད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་དེ་ལྷོ་ཨབ་རི་ཀའི་གྲོང་ཁྱེར་Cape Town ནས་ཕྱིར་འཐེན་བྱས་སྟེ་ Italy རྒྱལ་ས་Romeདུ་ལྷན་ཚོགས་གནས་སྤོ་བྱས་གནང་རྒྱུའི་ཐག་གཅོད་ལ་Cape Town གྲོང་ཁྱེར་སྤྱི་ཁྱབ་ལྕམ་patricia de Lilleམཆོག་ནས་རྒྱབ་སྐྱོར་ཞུས་ཡོད་པ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་པའི་ལྷན་ཚོགས་ཀྱི་སྔ་ནུབ་དུ་ལྕམ་Patricia de Lille མཆོག་གིས་ལྷོ་ཨབ་རི་ཀའི་གཞུང་ནས་གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་ཆེན་visaམ་གནང་པའི་བྱ་སྤྱོད་དེ་བཞིན་དེ་སྔ་ཨབ་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་སྐབས་དྲག་གནོན་དང་། དམ་དྲག་གི་བྱ་སྟངས་དང་གཅིག་མཚུངས་རེད། ཡིན་ནའང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེའི་འཕེལ་རིམ་བཀག་འགོག་ཐུབ་ཐབས་མེད་པ་དེ་ནམ་ཞིག་ལྷོ་ཨབ་རི་ཀའི་གཞུང་ནས་གསལ་པོ་ཤེས་གསལ་ཐུབ་པའི་གནས་སྟངས་ཆགས་རྒྱུ་ཡིན་པ་གསུངས་སྟེ་མ་འོངས་Cape Town གྲོང་ཁྱེར་ནང་ཞི་བདེའི་ལྷན་ཚོགས་གོ་སྒྲིགས་ཞུ་རྒྱུའི་གོ་སྐབས་བསྐྱར་དུ་ཡོང་བའི་རེ་བ་བཞེས་ཀྱི་ཡོད་ཅེས་གསལ་འདོན་གནང་འདུག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྱང་Ireland གྱི་ལྕམ་Mairead Maguireདང་།  Yemen གྱི་ལྕམ་སྐུ་Tawakkol Karma མཆོག དེ་བཞིན་ལྕམ་སྐུ་Jodie Williams བཅས་ཀྱིས་Cape Town གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་patricia Lilleམཆོག་ནས་ལྷོ་ཨབ་རི་ཀའི་གཞུང་ལ་གདོང་ལེན་ནན་པོ་བྱས་པའི་བློ་སྟོབས་ལ་བསྔགས་བརྗོད་དང་། ཞི་བདེ་ལྷན་ཚོགས་ཚོགས་ཡུལ་གནས་སྤོ་གནང་རྒྱུའི་ཐག་གཅོད་ཀྱི་Cape Town གྲོང་ཁྱེར་ལ་དཔལ་འབྱོར་གྱི་གྱོང་རྒུན་ཆེན་པོ་ཕོགས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་ཞུས་པར་རྗེས་སུ་ཡི་རང་ཞུས་གནང་འདུག
ཕྱི་ལོ་༢༠༡༤ཟླ་༡༢ ཚེས་༡༡ཉིན་གྱི་ཕྱེད་ཡོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ Italy རྒྱལ་ས་རོམ་Romeགྱི་གནམ་ཐང་དུ་༧ཞབས་སོར་བདེ་བར་འཁོད་སྐབས་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་གཏན་འཇགས་ལས་ཁུངས་ཀྱི་ཚོགས་གཞོན་སྐུ་ཞབས་ཨེན་ཛོ་ཀར་ཤིའོ་Enzo Cursio,མཆོག་དང་སྦར་སེལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས་ཡུལ་མི་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་འདུག སྐབས་དེར་གསར་འགོད་པ་མི་གྲངས་བཅུ་ལྷག་གིས་དོ་སྣང་ཧ་ཅང་ཆེན་པོས་དེང་སྐབས་ཆོས་ལུགས་ཀྱི་མིང་ཐོག་འཚེ་བའི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་སྟངས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་འོག་རྩོད་རྙོག་བྱུང་བ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་ཆོས་ལུགས་ལ་བརྟེན་ནས་རྩོད་རྙོག་བྱུང་ཞེས་པ་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ཞིང་། རྒྱ་གར་ནང་ལ་ཆ་མཚོན་ན། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཡོད། དེ་ནི་གཙོ་བོ་རྒྱ་གར་གྱི་སྲོལ་རྒྱུན་ནང་བཟོད་བསྲན་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་རྟེན་ནས་བྱུང་བ་ཞིག་ཡིན་ཞེས་བཀའ་ལན་སྩལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎