ཨི་རན་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་ཐབས་ཚོགས་འདུ།

ཨི་རན་གྱི་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་ཐབས་ལ་དམིགས་པའི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་གཟའ་སྤེན་པའི་ཉིན་མཇུག་སྒྲིལ།

2011.01.22

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་དོན་ལྷན་ཁང་གི་གཏེན་འཇགས་ཚོགས་མིའི་ཡུལ་གྲུ་ཨིན་ཇི་དང་ ཨ་མེ་རི་ཀ་ ཕེརནསི་ ར་ཤི་ཡ་ རྒྱ་ནག་དང་ ཇར་མན་བཅས་ཀྱི་ཐོག་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཨི་རན་དབར་ཨི་རན་གྱི་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་ཐབས་ལ་དམིགས་པའི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཞིང་ཚོགས་འདུ་དེ་ཏུར་ཀིའི་རྒྱལ་ས་ཨིསི་ཏན་སྦུལ་དུ་ཚུགས་ཡོད་པ་རེད།

གནས་ཚུལ་ཐོན་པར་གཞིགས་ན་ ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་དོན་གྱི་དབུ་འཁྲིད་ལྕམ་ཀེ་ཐེ་རིན་ཨེཤི་ཀྲེན་གྱིས་ ཚོགས་འདུ་དེའི་ཞོར་དུ་ཨ་མི་རི་ཀའི་སྐུ་ཚབ་དང་ཨི་རན་གྱི་སྐུ་ཚབ་དབར་ཐད་ཀར་ཟུར་དུ་གྲོས་མོལ་འབྱུང་ཐབས་གནང་འདུག་ཀྱང་ ཨི་རན་གྱིས་དེར་དངས་ལེན་བྱས་མེད་སྐོར་ ཨི་རན་གྱི་རྡུལ་ཕྲན་ལས་དོན་ཐད་ཀྱི་གྲོས་མོལ་སྐུ་ཚབ་ས་ཨིརྡ་ཇ་ལི་ལིའི་ལས་བྱ་བ་ཨ་སྦོལ་ཕེ་ཛལ་ཛོ་རེ་ལྦན་གྱིས་བརྗོད་འདུག།

ཨ་མེ་རི་ཀ་དང་ཨི་རན་དབར་ཕྱི་ལོ་༡༩༧༩ལོ་ནས་བཟུང་དངོས་སུ་ཐད་ཀར་འབྲེལ་ལམ་མེད་ཅིང་ཕྱོགས་གཉིས་པོས་ཡོངས་གྲགས་མིན་པའི་བརྒྱུད་ལམ་གྱི་ཐོག་ནས་འབྲེལ་ལམ་བྱེད་བཞིན་ཡོད་ཀྱང་ ཨི་རན་གྱི་ངོས་ནས་དེ་དོན་ཕྱིར་བསྒྲགས་གང་ཡང་བྱེད་ཀྱི་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎