གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་གློག་བརྙན།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་གློག་བརྙན་དབུ་འབྱེད་གནང་བ།

2012.12.01

༄༅༎བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གསར་བསྐྲུན་གནང་བའི་ཨད་ཙེ་འམ་གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་གློག་བརྙན་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་གནང་འདུག
ཕྱི་ཟླ་བཅུ་གཉིས་པའི་ཚེས་༡་ནི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་ཡིན་པ་དང་།  ཉིན་དེ་དང་སྟབས་བསྟུན་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས། བོད་མིའི་སྤྱི་ཚོགས་ཁྲོད་གཉན་ནད་རེག་དུག་ནད་གཞིའི་ཐོག་གོ་རྟོགས་སྤེལ་སླད།  བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གསར་དུ་བཟོ་བསྐྲུན་གནང་བའི་གཉན་ནད་རེག་དུག་རྩ་མེད་བཟོ་རྒྱུའི་ཕྱོགས་སུ་བསྐྱོད་པ་ཞེས་པའི་གློག་བརྙན་དེ་འགྲེལ་སྤེལ་བྱས་འདུག
འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམ་ཆོས་འཕེལ་ལགས་ཀྱིས་གསུངས་པ་ལྟར་ན། འཛམ་གླིང་ཨད་ཙེ་ཉི་མོ་ལོ་ལྟར་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་ནི། ནད་རིགས་འདི་ལ་གཟབ་གཟབ་དགོས་པའི་དྲན་སྐུལ་གཏོང་ཆེད་ཡིན་འདུག
ནད་གཞི་འདི་ནི་ཕོ་མོ་དང་རྒན་གཞོན་དབྱེར་མེད་པར་འགོས་ནས་ན་གི་ཡོད་པའི་ཆེས་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་ནང་མི་གྲངས་ས་ཡ་༣༤ཙམ་ལ་HIVནད་འབུ་ཡོད་པ་ནས། ལོ་འདིའི་ནང་ནད་གཞི་འདིས་མི་གྲངས་ས་ཡ་གཅིག་ལྷག་ལ་འཆི་རྐྱེན་བྱུང་ཡོད་འདུག  
བཙན་བྱོལ་བོད་པ་རྣམས་ས་གནས་གང་སར་ཁ་འཐོར་དུ་གནས་ནས་འགྲུལ་བཞུད་མང་པོ་བྱེད་དགོས་ཀྱི་ཡོད་སྟབས་ནད་གཞི་འདིའི་མཉེན་ཁ་ཆེན་པོ་ཡོད་པ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ནང་ན་ཚ་ཡོད་མཁན་མི་གྲངས་༡༣༠་ཙམ་ཡོད་པ་ནི་མི་འབོར་དང་བསྡུར་ན་གྲངས་ཀ་མཐོ་པོ་ཡིན་སྐོར་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎