བོད་ཀྱི་བརྡ་སྤྲོད་རིག་པའི་ཟབ་སྦྱོང་།

ཕྱི་ཟླ་༡༠ཚེས་༡༡ནས་༡༥སྟེ་ཉིན་གྲངས་ལྔའི་རིང་བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཚུགས་ཡོད་པའི་གནས་ཚུལ།

2011.10.18

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ ས་རཱ་མཐོ་སློབ་ཀྱིས་འགོ་སྒྲིག་འོག་ ཕྱི་ཟླ་ ༡༠་ ཚེས་ ༡༡ ནས་ ༡༥ སྟེ་ཉིན་གྲངས་ལྔའི་རིང་ བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཚུགས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
བོད་ཀྱི་བརྡ་སྤྲོད་ཟབ་སྦྱོང་ཐོག་སློབ་འཁྲིད་གནང་མཁན་གཙོ་བོ་ནི་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཇིའི་གསུང་བསྒྱུར་ཞབས་ཞུ་བ་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཡིན་ཞིང་ ཟབ་སྦྱོང་དེའི་ཐོག་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མིའི་སློབ་གྲྭ་གྲངས་ ༣༡ ནས་ དགེ་རྒན་ ༣༦ དང་ ས་རཱ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་བྱེད་བཞིན་པ་ ༡༢ བཅས་ཁྱོན་མི་གྲངས་ ༤༨ ཙམ་མཉམ་ཞུགས་གནང་ཡོད་པ་རེད།
ཟབ་སྦྱོང་དངོས་གཞི་ཉིན་ལྔའི་རིང་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ནས་བརྩམས་གནང་པའི་ བོད་ཀྱི་བརྡ་སྤྲོད་གསར་སྒྲིག་སྨྲ་སྒོའི་ལྡེ་མིག་ ཅེས་པ་རྩ་བར་བཟུང་སྟེ། བོད་ཀྱི་མཁས་པ་རྣམས་ནས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་ནང་གསལ་ཁ་མ་སྟོན་པའི་གནད་དོན་དང་ དེ་བཞིན་དངོས་ཡོད་ལག་ལེན་གྱི་ནང་གནད་འགག་ཆགས་པའི་དོན་གནད་མང་དག་ཅིག་གི་ཐོག་ བོད་རང་གི་སྐད་ཀྱི་འགྲོ་སྟངས་དང་ རྒྱལ་སྤྱིའི་སྒྲ་རིག་པའི་སྤྱི་འགྲོས་གཞིར་བཟུང་ཟབ་འཁྲིད་གནང་ཞིང༌། ཐེངས་འདིའི་ཟམ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མཐུན་རྒྱུར་གནང་པ་དང་ ཟབ་སྦྱོང་ཟིན་རྗེས་ ཟབ་སྦྱོང་གི་ནང་མཉམ་ཞུགས་བྱེད་མཁན་ཚོས་བསམ་ཤོག་ཅིག་བཀང་ཡོད་པ་ལྟར་ན་ ད་རེས་ཀྱི་ཟབ་སྦྱོང་དེའི་ཕན་ནུས་ནི་ ད་བར་ཟབ་སྦྱོང་བྱས་ཟིན་པའི་ནང་གི་རྩེ་ཕུད་བྱུང་བ་ཚང་མས་གཅིག་གྱུར་གྱིས་ངོས་འཛིན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎