རྒྱ་ནག་ཀོང་ཏུང་དུ་རྩེད་ཆས་བཟོ་གྲྭའི་ནང་འཁྲུག་འཛིངས།

རྒྱ་ནག་ཀོང་ཏུང་ཞིང་ཆེན་ནང་ལས་བཟོ་པ་བརྒྱ་སྐོར་འགའ་ཤས་ཀྱིས་ཉེན་རྟོག་པའི་མཉམ་འཁྲུག་འཛིང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2008.11.26

༄༅༎རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་ཕྲུ་གུའི་རྩེད་ཆས་བཟོ་གྲྭ་ནས་ཕྱིར་འབུད་བཏང་བའི་ལས་བཟོ་པ་བརྒྱ་སྐོར་འགའ་ཤས་ཀྱིས་ལས་ཁང་ལ་གཏོར་སྐྱོན་བཏང་བ་དང་ཉེན་རྟོག་པའི་མཉམ་འཁྲུག་འཛིན་བྱས་ཡོད་སྐོར་འབྲེལ་ཡོད་ས་གནས་དཔོན་རིགས་ཚོས་དེ་རིང་བརྗོད་འདུག

ཁ་ས་ཀོང་ཏུང་ཞིང་ཆེན་ནང་ལས་བཟོ་པ་ཉིས་སྟོང་ཙམ་ཞིག་རུབ་རུབ་བྱས་ཏེ་བཟོ་གྲྭས་ཁོང་ཚོར་ལས་ཀ་མཚམས་འཇོག་བྱས་པའི་གུན་གསབ་གླ་ཕོགས་སྤྲོད་དགོས་རྒྱུའི་དགོས་འདུན་བཏོན་ཡོད་པའི་སྐོར་ས་གནས་གཞུང་གིས་འགྲེལ་བརྗོད་བྱས་བཞག ཉེན་རྟོག་པ་དང་ལས་བཟོ་པའི་དབར་འཐབ་འཁྲུག་ཐུག་སའི་ཛོང་ཏང་གྲོང་ཚོའི་སྲིད་གཞུང་གིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ལས་བཟོ་པ་ཚོས་ཁོང་ཚོ་ལས་ཀ་བྱེད་སའི་བཟོ་གྲྭའི་ལས་ཁུངས་ལ་གཏོར་བཤིག་བཏང་བ་དང་ཉེན་རྟོག་པའི་འགྲུལ་འཁོར་མགོ་རྟིང་སློབ་པ་སོགས་བྱས་ནས་མི་གྲངས་དྲུག་ལ་རྨས་སྐྱོན་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་ཅིང་ངོ་རྒོལ་བྱེད་མཁན་ལས་བཟོ་པ་ཚོས་ཉེན་རྟོག་པའི་འགྲུལ་འཁོར་ཆེ་བ་གཅིག་དང་འགྲུལ་འཁོར་ཆུང་བ་བཞི་ལ་གཏོར་སྐྱོན་བཏང་བ་མ་ཟད་བཟོ་གྲྭའི་སྒོ་སྲུང་བ་དང་རྒོལ་འཛིན་བྱས་ནས་བཟོ་གྲྭའི་ལས་ཁུངས་ཁག་ནང་འཛུལ་ནས་ལས་ཁུངས་ཀྱི་སྒེའུ་ཁུང་དང་འཕྲུལ་ཆས་སོགས་བཅག་གཅོག་བཏང་ཡོད་པ་རེད། ངོ་རྒོལ་བྱ་ཡུལ་ཀའེ་ཌ་ཕྲུ་གུའི་རྩེད་ཆས་བཟོ་གྲྭ་དེ་བཞིན་ཛོང་ཏང་གྲོང་ཚོའི་ནང་ཡོད་འི་ཧོང་ཀོང་གི་ཁེ་གཉེར་ལས་ཁང་ཞིག་གི་ཁྱབ་ཁོངས་ཡིན་པ་དང་བཟོ་གྲྭ་དེའི་ནང་གི་ལས་བཟོ་པ་མང་པོ་ཞིག་ལས་ཀ་ནས་ཕྱིར་འབུད་བཏང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎