རྒྱ་ནག་ནང་ལས་མེད་མི་མང་གིས་བཟོ་གྲྭའི་ཕྱིར་ངོ་རྒོལ་བྱས་པ།

རྒྱ་ནག་ནང་ལས་མེད་དུ་གྱུར་བའི་ཕྲུ་གུའི་རྩེད་ཆས་བཟོ་གྲྭའི་ལས་མི་བརྒྱ་ཕྲག་ལྷག་དང་ཉེན་རྟོག་པའི་དབར་འཐབ་རྒོལ་བྱུང་ཡོད་པའི་གནས་ཚུལ།

2008.11.27

༄༅༎རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་ནང་ལས་མེད་དུ་གྱུར་བའི་ཕྲུ་གུའི་རྩེད་ཆས་བཟོ་གྲྭའི་ལས་མི་བརྒྱ་ཕྲག་ལྷག་དང་ཉེན་རྟོག་པའི་དབར་འཐབ་རྒོལ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་ནང་ཀའེ་རྡ་ཞེས་ཕྲུ་གུའི་རྩེད་ཆས་བཟོ་གྲྭ་ནས་ལས་མེད་དུ་གྱུར་བའི་ལས་མི་ཉིས་སྟོང་ལྷག་ཙམ་ནས་ལས་མེད་ཀྱི་གུན་གསབ་རྩོད་ལེན་ཆེད་བཟོ་གྲྭའི་ཕྱི་ལ་འདུ་འཛོམས་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ས་གནས་ཀྱི་ཉེན་རྟོག་མི་སྣ་བརྒྱ་ལྷག་ཙམ་གྱིས་ངོ་རྒོལ་བའི་ཁྲོད་དོ་དམ་སྟངས་འཛིན་བྱ་ཐབས་བྱེད་སྐབས་ལས་མི་ཚོས་ཉེན་རྟོག་མི་སྣར་འཐབ་རྒོལ་བྱས་ཏེ་ཉེན་རྟོག་པས་གླང་འཁོར་བཞི་གཏོར་བཅག་བཏང་བ་དང་དེ་ནས་བཟོ་གྲྭའི་ནང་འཛུལ་བཞུགས་ཀྱིས་ཕྲུལ་ཆ་དང་བཅའ་དངོས་བཅག་བཅོག་བྱས་ཡོད་པ་རེད། ངོ་རྒོལ་ནང་མཉམ་བཞུགས་བྱེད་པའི་ལས་མི་ཞིག་གིས་ཀོང་ཀྲའུ་ཌེ་ལི་ཞེས་པའི་ས་གནས་ཀྱི་ཉིན་རེའི་གསར་ཤོག་ལ་གནས་ཚུལ་ངོ་སྤྲོད་བྱེད་དོན་དུ་ཕྲུ་གུའི་རྩེད་ཆས་ཀྱི་བཟོ་གྲྭ་ནས་རེས་གཟའ་ལྷག་པའི་ཉིན་ལས་མི་གསུམ་བརྒྱ་བརྒྱད་བཅུ་ལས་མེད་དུ་བཏང་ཡོད་པ་དང་དེ་ནས་ལས་མེད་ཀྱི་མ་དངུལ་གུན་གསབ་སྤྲོད་སྐབས་ལོ་དུས་ཀྱི་ཆ་ནས་དབྱེ་འབྱེད་བྱས་ཏེ་གུན་གསབ་ཆ་སྙོམ་མེད་པའི་གནས་སྟངས་ལ་བརྟེན་ད་རེས་ངོ་རྒོལ་གྱི་དོན་རྐྱེན་དེ་ཡིན་པ་འགྲེལ་བརྗོད་བྱས་འདུག ཀོང་ཏུང་ཞིང་ཆེན་གྱི་ཀྲུང་ཐང་ས་གནས་སྲིད་གཞུང་ངོས་ནས་ད་རེས་ལས་མེད་མི་མང་གི་ངོ་རྒོལ་གྱི་དོན་རྐྱེན་ལ་ཞིབ་འཇུག་བྱ་མུས་ཡིན་པ་དང་ལྷག་པར་ངོ་རྒོལ་ནང་མཉམ་བཞུགས་བྱས་པའི་ཁོངས་ནས་མང་པོ་ཞིག་བཟོ་གྲྭའི་ལས་མི་མ་ཡིན་པའི་བློ་དོགས་ཡོད་སྐོར་གསལ་འདོན་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎