བོད་ནས་གདོད་མའི་བསེ་རུའི་རུས་སྒྲོམ་རྙེད་སོན།

མི་ལོ་ས་ཡ་གསུམ་ལྷག་གི་ལོ་རྒྱུས་ལྡན་པའི་ཁ་བའི་ནང་འཚོ་སྡོད་བྱེད་མཁན་བསེ་རུའི་རུས་སྒྲོམ་བོད་ནང་ནས་རྙེད་སོན་བྱུང་འདུག

2011.09.02

༄༅༎མི་ལོ་ས་ཡ་གསུམ་ལྷག་གི་ལོ་རྒྱུས་ལྡན་པའི་ཁ་བའི་ནང་འཚོ་སྡོད་བྱེད་མཁན་བསེ་རུའི་རུས་སྒྲོམ་བོད་ནང་ནས་རྙེད་སོན་བྱུང་བ་དེ་ནི། ཚན་རིག་པས། བསེ་རུའི་རྒྱུད་པ་དེ་ནི་དེ་སྔ་འཛམ་གླིང་གི་ས་གཞི་མང་ཆེ་བ་འཁྱགས་རོམ་གྱིས་ཁེངས་པའི་དུས་རབས་སྐབས་བོད་ནང་འཚོ་གནས་བྱས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

བསེ་རུ་དེ་ནི་སྤྱིར་བཏང་གི་སེམས་ཅན་དང་མི་འདྲ་བར་ཕྱིར་སྤུ་ཡོད་པ་དང༌། གཟུགས་པོའི་རིང་ཚད་ཕིཀྲི་(Feet) ༡༡ དང་སྟོད་ཞེང་དུ་རིང་ཚད་ཕེ་ཀྲེ་དྲུག་ཡོད་པ། ངོ་གདོང་གི་དཀྱིལ་དུ་ར་ཅོ་ཆེན་པོ་གཉིས་སྐྱེས་ཀྱིི་ཡོད་ཅིང༌། ་་སྣ་ཁུག་གི་སྟེང་གི་ར་ཅོ་དེ་ནི་རིང་ཚད་ཕེ་ཀྲེ་གསུམ་ཙམ་སྐྱེས་ཀྱི་ཡོད་པ་རེད། གནའ་སྔ་མོའི་བསེ་རུ་དེ་དང་དེང་དུས་ཀྱི་བསེ་རུ་མི་འདྲ་བའི་ཁྱད་པར་ནི། ལོ་རྒྱུས་ལྡན་པའི་བསེ་རུ་དེའི་ངོ་གདོང་ཐོག་སྐྱེས་པའི་ར་ཅོ་གཉིས་པོ་དེ་ནི་རིལ་རིལ་མ་ཡིན་པར་་ལེབ་མོ་ཡིན་པ་རེད།

དེ་ཡང་ཨ་རིའི་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེསི་ནང་དུ་ཡོད་པའི་ལོ་རྒྱུས་ལྡན་པའི་རང་འབྱུང་དངོས་བཤམ་འགྲེམས་སྟོན་ཁང་དང༌། རྒྱ་ནག་གི་ཚན་རིག་པའི་ཆེད་ལས་མི་སྣར། ༢༠༠༧ ལོར་བོད་ས་མཐོའི་ནང་ནས་མི་ལོ་ས་ཡ་གསུམ་ལྷག་གི་ལོ་རྒྱུས་ལྡན་པའི་བསེ་རུའི་ཀ་ལི་ཆ་ཚང་ཞིག་དང༌། མ་ལེ་བཅས་རྙེད་སོན་བྱུང་ཡོད་ཅིང༌། དེ་རིང་རེས་གཟའ་པ་སངས་ཉིན་ཚན་རིག་གི་དུས་དེབ་ཐོག་བསེ་རུའི་སྐོར་གནས་ཚུལ་བཀོད་སྤེལ་བྱས་པ་དེ་ཡིས། བསེ་རུ་དེ་ནི་དེ་སྔ་འཛམ་གླིང་འཁྱགས་རོམ་གིས་ཁེངས་ཏེ་གྲང་ངར་གྱི་དུས་རབས་དེའི་སྐབས་དང༌། བོད་ས་མཐོའི་ཁ་བའི་ནང་འཚོ་གནས་ཡོད་པའི་སྐོར་བཀོད་ཡོད་པ་རེད། བསེ་རུ་དེ་ནི་འཕེལ་རྒྱས་འགྲོ་སྟངས་ནི། ངོ་གདོང་གི་དཀྱིལ་དུ་ཡོད་པའི་ར་ཅོ་ལེབ་མོ་དེ་ཡིས་ཁ་བ་ཕྱག་གིན་དུ་རྩི་ཤིང་འཚོལ་ཐབས་བྱེད་ཀྱི་ཡོད་པ་དང། བསེ་རུ་དེ་འབྱུང་འགྱུར་བོད་དང་འཛམ་གླིང་གི་ལྷོ་བྱང་རྩེ་མོ་ནས་གནའ་ཤུལ་གསར་དུ་རྙེད་སྲིད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎