བོད་དུ་རྒྱ་མི་ཡུལ་བསྐོར་བ་མང་པོ་ཡོང་ཆོག་པ།

རྒྱལ་ས་ལྷ་སའི་ཁུལ་རྒྱ་ནག་སྐམ་ས་ཆེ་མོ་ནས་རྒྱ་རིགས་ཕོན་ཆེ་ཡུལ་སྐོར་སྤྲོ་འཆམ་ཆེད་འབྱོར་བཞིན་ཡོད་པའི་གནས་ཚུལ་འདུག

2012.06.13

༄༅༎ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གཉིས་ཀྱི་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་རྒྱ་གཞུང་གིས་ཕྱི་རྒྱལ་བ་ཚོ་བོད་ནང་ཡོང་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་ནའང༌། རྒྱལ་ས་ལྷ་སའི་ཁུལ་རྒྱ་ནག་སྐམ་ས་ཆེ་མོ་ནས་རྒྱ་རིགས་ཕོན་ཆེ་ཡུལ་སྐོར་སྤྲོ་འཆམ་ཆེད་འབྱོར་བཞིན་ཡོད་པའི་གནས་ཚུལ་འདུག།

དེ་སྔོན་༢༠༠༨ལོར་ལྷ་སའི་ནང་མི་མང་སྒེར་ལངས་བྱུང་བའི་རྗེས་རྒྱ་གཞུང་གིས་བོད་དེ་བཞིན་ཕྱི་ཕྱོགས་ལ་སྒོ་རྒྱབ་ཡོད་ནའང༌། རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་ལྟ་སྐོར་ལ་འགྲོ་ཆོག་གི་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེ་མོ་ནས་ལྟ་སྐོར་བ་གང་མང་བོད་ནང་ཡོང་ཐུབ་རྒྱུར་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནས་བོད་བར་ཐད་ཀར་གནམ་གྲུ་དང་མེ་འཁོར་འགྲུལ་བཞུད་སྒོ་བཙུགས་པ་མ་ཟད། འགྲུལ་གླ་ཡང་ཁེ་རུ་བཏང་ཡོད་པ་རེད།

གྲོང་ཁྱེར་ལྷ་སའི་ནང་རྒྱ་ནག་ནས་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་ཆེད་དུ་བཙུགས་པའི་མགྲོན་ཁང་ཁག་གི་ཚོང་ཧ་ཅང་འགྲོ་རྒྱུག་ཆེན་པོ་ཡོད་པ་དང་། མཛེས་སྡུག་ཡིད་དུ་འོང་བའི་བོད་ཀྱི་ཡུལ་ལྗོངས་དེ་ཚོས་བྲེལ་ཟིང་ཆེ་བའི་གྲོང་ཁྱེར་ནས་ཡོང་མཁན་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་་སེམས་གུ་ཡངས་པོ་བཟོ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎